Tibetan Royal Year of 2151 | Year of the Wood Dragon

གཞོན་ནུ་ལྷན་ཚོགས་ཀྱི་གནས་མཆོག་རྡོར་གདན་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་དབུ་འཛུགས། 

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཕྱོགས་ཀྱི་གནང་སྒོ་དང་འབྲེལ་བའི་དུས་འཁོར་དབང་ཆེན་ལྟ་བུའི་མི་ཚོགས་ཆེ་བའི་འདུ་འཚོམས་སྐབས་ས་གནས་ཁག་ཏུ་གཞོན་ནུའི་གསལ་བསྒྲགས་ཁང་ཆེད་འཛུགས་ཀྱིས་ཆོས་ཞུ་བར་སྨན་པའི་རྩད་གཅོད་དང་བཅའ་དངོས་བོར་བརླག་རྙེད་སོན་སོགས་ཀྱི་གསལ་བསྒྲགས་མཐུན་རྐྱེན། ལྷག་པར་མེ་འཁོར་འབབ་ཚུགས་ཁག་ཏུ་ཆོས་ཞུ་བར་སྣེ་ལེན་ཕེབས་སྐྱེལ་ལ་སོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་གྱི་ཡོད་པ་བཞིན་སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་ཆོས་བཀྲིན་སྩལ་རྒྱུའི་དུས་ཚོད་དང་སྟབས་བསྟུན་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དབུ་འཛུགས་གནང་ཡོད།

གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་སྐབས་ཆོས་ཞུ་བ་ཁྲི་ལྔ་ནས་བདུན་བར་ལས་མང་བ་ཕེབས་པར་ཚོད་དཔག་གནང་གི་མེད་ཀྱང་། ཕྱི་ཚེས་ ༢༠ ཉིན་དབུ་འཛུགས་གནང་བའི་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེངས་ཀྱི་བྲེལ་ཟིང་དང་ལྷག་པར་གཞོན་ནུའི་གསལ་བསྒྲགས་ཁང་དེ་ཉིན་རང་ལ་དབུ་འཛུགས་གནང་བ་བཅས་བརྟེན་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཚོགས་པ་ལྟ་བུའི་ཁོར་ཡུག་ཞིག་བསྐྲུན་ཡོད་པ་རེད།  

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་མི་ཚོགས་མང་ཉུང་ལ་ལྟོས་མེད་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་བཅུ་ནས་དང་བླངས་པ་ཁྱོན་མི་གྲངས་ ༧༠ ཙམ་གྱིས་མཆོད་རྟེན་རིན་པོ་ཆེའི་ཉེ་འགྲམ་དུ་གསལ་བསྒྲགས་ཁང་གཉེར་བཞིན་ཡོད་པར་མ་ཟད། མེ་འཁོར་འབབ་ཚུགས་སུ་ཆོས་ཞུ་བར་སྣེ་ལེན་དང་ཛ་དྲག་ཅན་ལ་རོགས་སྐྱོར་སོགས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མུས་ཡིན་པར་གསུངས་སོང་།

དེ་བཞིན་ཁོང་གིས་གཞོན་ལྷན་གྱིས་བོད་མི་ཆོས་ཞུ་བ་ཙམ་མིན་པར་གནས་མཆོག་འདིར་ཕེབས་པའི་ཧི་མཱ་ལ་ཡའི་རི་རྒྱུད་དང་། རྒྱ་གར་བ། ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བཅས་ལ་དམིགས་ཏེ་སྐད་ཡིག་མི་འདྲ་བ་ཁག་བདུན་ཙམ་གྱི་ཐོག་ནས་གསལ་བསྒྲགས་གནང་གི་ཡོད་པ་དང་། དེ་བཞིན་མི་རིགས་དབྱེ་བ་མེད་པར་སྨན་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྣམས་ལྷག་བསམ་རྣམ་དག་ཐོག་ནས་གཉེར་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྐབས་རེར་མི་ཤི་སྐྱོན་ཆགས་སོགས་བྱུང་སྐབས་ཁྲིམས་ཐོག་གྱི་འགྲོ་སྟངས་དང་འབྲེལ་ནས་ངལ་བ་ཕྲན་བུ་འཕྲད་ཀྱི་ཡོད་པར་འགྲེལ་བརྗོད་གནང་ཡོད། 

རྩ་བའི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་ཕྱི་ལོ་ ༡༩༨༥  ལོའི་དུས་འཁོར་དབང་ཆེན་སྐབས་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་།  སྐབས་དེར་བོད་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོར་མཐོང་རྒྱ་ཐོས་རྒྱ་དེ་ཙམ་མེད་པའི་ཁར་ས་གནས་གྱི་སྐད་ཡིག་སོགས་དེ་ཙམ་ལེགས་པོ་ཤེས་ཀྱི་མེད་སྟབས་ཆོས་ཞུ་བ་དེ་དག་ལ་མྱུར་སྐྱོབ་ཆེད་དུ་ལས་འགུལ་དེ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།