Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་དངུལ་འབབ་རྩིས་འབུལ་ཞུས་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ལམ་ཧི་མཱ་ཅལ་མངའ་ཁོངས་སུ་ཆར་ཞོད་ཀྱི་གོད་ཆག་ཆེས་ཆེར་ཕོག་པའི་དབང་གིས་མངའ་སྡེ་འདིའི་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཕོག་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངལ་སེལ་ཞལ་འདེབས་སླད་དེ་གའི་སྲི་ཞུ་བ་རྣམ་པའི་ཕོག་འབབ་བསྡུ་འབུལ་ཞུས་པ་ལྟར། ཁ་སང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་དངུལ་འབབ་རྩིས་འབུལ་ཞུས་འདུག

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Sukhvinder Singh Sukhu མཆོག་མངའ་སྡེ་གྲོས་ཚོགས་ཀྱི་དགུན་དུས་ཚོགས་ཐུན་ཆེད་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་དང་བསྟུན་ཁ་ཉིན་ཕྱི་ཚེས་ ༢༠ ཉིན་ཏེ་རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་འོག་འབྲེལ་ཡོད་སྲི་ཞུ་བ་ཁག་གཅིག་མངའ་གཞུང་གི་གྲོས་ཚོགས་ལྷན་ཁང་དུ་ཆེད་བཅར་གྱིས་ངལ་བ་ཆེས་ཆེར་འཕྲད་པའི་མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཕྱིར་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ནས་ཉིན་གཅིག་གི་ཕོགས་འབབ་བསྡུ་འབུལ་ཞུས་པ་ཁྱོན་ཧིན་སྒོར་འབུམ་བཅུ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་ཅེཀ་འཛིན་རྩིས་འབུལ་ཞུས་འདུག

སྐབས་དེར་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེ་གཞུང་འཛིན་རིམ་ཕེབས་ཚོས་ད་བར་བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་བོད་མི་རྣམས་ལ་མཐུན་འགྱུར་གང་འོས་གནང་མུས་བཞིན་སླད་མར་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

གཞི་རྩའི་ཕྱི་ཟླ་དྲུག་པ་དང་བདུན་པ་ནང་རྒྱ་གར་ཁྱོན་ཡོངས་སུ་ཆར་དུས་ཀྱི་དུས་ཚོད་ཡིན་པར་བརྟེན་རྒྱ་གར་གྱི་ས་གནས་འདྲ་མིན་ཁག་ཏུ་ཆར་ཞོད་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་སོགས་བྱུང་ནས་མང་ཚོགས་ཀྱི་འཚོ་ཐབས་ལ་གནོན་འཚེ་ཚབས་ཆེན་ཕོག་པར་མ་ཟད་གང་ཟག་གི་ཚེ་སྲོག་ཀྱང་ཤོར་བའི་གནས་ཚུལ་མང་དག་ཅིག་ཐོན་ཡོད་པ་རེད། ལྷག་དོན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་ཆར་ཤོད་ཀྱི་འཇིག་པ་ཤུགས་ཆེར་འོག་མི་མང་རྣམས་ལ་ཧ་ཅང་དཀའ་ངལ་འཕྲད་སྐབས་ཏེ་ཟླ་ ༧ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ལ་དྭགས་སླེ་ཞི་བའི་ཚལ་ཕོ་བྲང་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་དང་ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་པ་དང་ཆབས་ཅིག་ཐུགས་སྨོན་མཚམས་སྦྱོར་མཛད་ཡོད་པ་རེད། པར་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།