Tibetan Royal Year of 2151 | Year of the Wood Dragon

གསུང་རྩོམ་ཕྱོགས་བསྡུས་ཀྱིས་བཀའ་བློན་ཁྲི་ཟུར་མཆོག་གི་འཁྲུངས་སྐར་སྲུང་བརྩི།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་་ཕྱི་ལོ་༢༠༢༠ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༠ པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འཚེ་མེད་ཞི་བའི་ཚོགས་ཁང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱི་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག  བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་ཁྲུངས་ཚེས་སྲུང་རྩི་དང་འབྲེལ། སློབ་དཔོན་མཆོག་གི་རྩ་ཆེའི་གསུང་བཤད་དང་གསུང་རྩོམ་གལ་ཆེ་ཁག་ཕྱོགས་བསྡུས་ཀྱི་དེབ་ཕྲེང་བརྒྱད་པ་དབུ་འབྱེད་དང་འགྲེམས་སྤེལ་གནང་སོང་།དེ་རིང་གི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག   སྐུ་མགྲོན་གྱི་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ། འཇིགས་མེད་རྣམ་རྒྱལ་ལགས་ཀྱི་གཙོ་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་དང་དཔེ་མཛོད་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་རྡོ་རྗེ་སྐྱིད་སོགས་ཀྱི་མཚོན་པའི་སྐྱ་སེར་ཕོ་མོ་ཁག་ཅིག་གིས་མཉམ་ཞུགས་གནང་སོང་།སྐབས་དེར་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས་བདག་ཉིད་ཆེན་མོ་རྣམས་ཀྱི་འཁྲུངས་སྐར་སྲུང་བརྩི་དེ་འཇིག་རྟེན་གྱི་སྤྱི་སྲོལ་ལྟར་སྲུང་བརྩི་བྱེད་རྒྱུ་དེ་མིན་པར། གཙོ་བོ་རླབས་ཆེན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའི་ནང་ནས་གསུང་གི་མཛད་པ་དེ་གལ་ཆེན་པོ་ཡིན་པར་པ་ལྟར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་བསྡུས་པོད་བརྒྱད་པ་དབུ་འབྱེད་བྱས་ཡོད་ལུགས་ལུང་འདྲེན་གནང་བ་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་རྒྱུའི་ཞལ་བཞེས་ཟབ་མོ་ཐོབ་ཡོད་པ་ལྟར། སློབ་དཔོན་ཟམ་གདོང་རིན་པོ་མཆོག་ཀྱང་དེ་སྲིད་དུ་བཞུགས་ནས་མགོན་པོ་གང་གི་ནམ་མཁའི་མཐའ་དང་མཉམ་པའི་མཛད་འཕྲིན་རླབས་ཆེན་དེར་དབུ་འོག་དཔུང་འདེགས་ཞུ་ཐུབ་པའི་སྨོན་འདུན་ཞུས་གནང་སོང་།དེ་བཞིན་སྐབས་དེར་ སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ། འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་ཀྱི་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་ལུགས་ངོ་སྤྲོད་དང་སྦྲགས། བོད་མི་སྤྱི་དང་། སྒོས་སུ་བཙན་བྱོལ་གྱི་བོད་མི་རྣམས་ལ་མཚོན་ན། སློབ་དཔོན་ཟམ་གདུང་རིན་པོ་ཆེ་མཆོག་བཀའ་དྲིན་ཆེན་པོ་ཡིན་ལུགས་ངོ་སྤྲོད་དང་ལྷན་དུ། རིན་པོ་ཆེ་བཀའ་བློན་དུ་འཁོད་མ་ཐག་ནས་ཡུན་རིང་འབྲེལ་མཐུད་བྱུང་མ་ཐུབ་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་བ་མ་ཟད། ཡིག་ཐོག་ནས་རྒྱ་ནག་སྲིད་གཞུང་ལ་བོད་མིའི་མངོན་འདོད་ཁག་འབུལ་ཐུབ་པ་བྱུང་ཡོད་པ་སོགས་ལུང་འདྲེན་གྱིས། སྤྱི་ཚོགས་ཀྱི་ནང་དུ་རིན་པོ་ཆེ་བཀའ་བློན་ཡིན་པའི་སྐབས་སུ་དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་ཡོད་པར་ཡི་མི་རངས་མཁན་རེ་འགའ་ཡོང་གི་ཡོད་ནའང་། དེ་ནི་རིན་པོ་ཆེ་མཆོག་གིས་ཁེ་གྱོང་ཙམ་ལ་གཟིགས་ནས་ཐག་གཅོད་གནང་བ་ཞིག་མ་ཡིན་པར། བོད་མིའི་སྒྲིག་འཛུགས་འདི་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོའི་ཐོག་གནས་ཡོད་སྟབས་ཕུགས་རྒྱང་རིང་བོར་གཟིགས་ཡོད་སྐོར་ངོ་སྤྲོད་གནང་སོང་། གཞི་རྩའི་འདི་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་ཀྱིས་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་ཆ་རྐྱེན་མེད་ནའང་། བོད་མི་འདུས་སྡོད་ཀྱི་ས་ཕྱོགས་མང་པོར་དེ་རིང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན།  ཉྭ་ཚེ་བླུ་གཏོང་བ་དང་བདག་མེད་ཀྱི་ཁྱི་སྡོམ་ལ་ཟ་མ་བགོ་འགྲེམས་བྱེད་པ། དེ་བཞིན་སྤྱི་ཚོགས་ཀྱི་དྲ་ལམ་གང་སར་བཀྲ་ཤིས་ཀྱི་སྨོན་ཚིག་དང་གླུ་གཞས་གཏོང་བ་སོགས་ཀྱིས་འཁྲུངས་སྐར་སྲུང་བརྩིའི་རྣམ་པ་འདྲ་མིན་མཐོང་རྒྱུ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།