Tibetan Royal Year of 2151 | Year of the Wood Dragon

ཇར་མན་གྷ་ཌ་རོགས་ཚོགས་ལ་བཀྲིན་རྗེས་དྲན་གྱི་དགའ་བསུའི་འཚམས་འདྲི། 

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་སྲི་ཞུ་བ་རྣམས་འདུ་འཛོགས་ཐོག་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་ཇར་མན་གྷ་ཌ་འམ་ German Aid to Tibetans (GAT) ཞེས་པའི་རོགས་ཚོགས་ཀྱི་ཚོགས་གཙོ་ལྩམ་ Heide Meyer ལགས་དབུས་ཚོགས་མི་བཞིར་དགའ་བསུའི་འཚམས་འདྲི་དང་སྦྲགས་ཏེ་ད་བར་རོགས་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་ཞིག་ཚོགས་སོང་།མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ལ་དུས་ལོག་བྱུང་ནས་བོད་མི་རྣམས་བཙན་བྱོལ་ལ་གྱར་བའི་རྗེས་སུ་རྩ་དོན་སྙིང་ལ་བཅངས་ནས་ཐུན་མིན་གྱི་ཆོས་རིག་དང་ལེགས་བྱང་བཅས་པ་བདག་གཉེར་དང་ལྷག་པར་དུ་སྤྱི་ཚོགས་བདེ་དོན་དང་འབྲེལ་ཏེ། གདོང་ལེན་གནང་དང་གནང་མུས་ཁག་ཞིབ་རྒྱས་ངོ་སྤྲོད་གནང་བ་དང་ཆབས་ཅིག རོགས་ཚོགས་ནས་མོ་ལོ་ ༥༤ རིང་ལ་བོད་མིའི་བདེ་དོན་དང་འབྲེལ་ནས་མི་སྒེར་གྱི་སྐུ་ལས་སྐྱོན་པ་དང་གཞུང་ནས་མང་ཚོགས་ཀྱི་ཁྲལ་གྱི་ཡོང་འབབ་བརྒྱུད་དེ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་སྐབས་ ༡༦ པའི་བཀའ་ཤག་ནས་བོད་མིའི་དགོས་མཁོ་དང་བསྟུན་ནས་མ་འོངས་ལོ་གསུམ་གྱི་ནང་ཚུད་རོགས་ཚོགས་ཁག་ནས་བྱུང་བའི་དངུལ་དེ་དག་ཆུད་ཟོས་སུ་མི་འགྲོ་བར་འཆར་གཞི་ལྡན་པའི་སྒོ་ནས་སྤྱོད་རྒྱུར་ཕྱག་ལས་གནང་རྒྱུ་མ་ཟད། ཉེ་ལམ་སྲིད་སྐྱོང་མཆོག་གི་ཇར་མ་ནི་དང་ཨ་རིར་འཚམས་གཟིགས་གནང་བའི་ཁྲོད་ཇར་མན་གཞུང་ཚབ་པ་ལའང་བོད་མིའི་བདེ་དོན་དང་འབྲེལ་ནས་ཇར་མ་ནི་གཞུང་ནས་རོགས་སྐྱོར་ཤུགས་ཆེ་ཙམ་གནང་བའི་འབོད་སྐུལ་ཞུས་ཡོད་པ་གསུངས་སོང་། དེ་བཞིན་ཇར་མན་གྷ་ཌ་རོགས་ཚོགས་ཀྱི་ཚོགས་གཙོ་ Heide Meyer ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་ཐུགས་འགན་བཞེས་པར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོང་ཐུབ་སླད་རོགས་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། རོགས་ཚོགས་ཀྱི་དམིགས་ཡུལ་ལྟར་བོད་ཕྲུག་གི་ཤེས་ཡོན་དང་སྐད་རིག་སོགས་སྲུང་སྐྱོབ་གནང་ཕྱིར་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི། སཾ་བྷོ་ཊ་བཅས་ལ་རོགས་སྐྱོར་བྱ་རྒྱུ་གལ་འགངས་ཆེ་ཤོས་ལ་ངོས་འཛིན་གནང་གི་ཡོད་པར་གསུངས་སོང་།གཞི་རྩའི་ཇར་མན་གྷ་ཌ་རོགས་ཚོགས་ནི་ ༡༩༦༨ ལོར་ཆེད་འཛུགས་གནང་བ་ཞིག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་ནས་བོད་ཕྲུག་དང་གཞོན་སྐྱེས། དགེ་འདུན་པ་དང་བཙུན་མ། དེ་བཞིན་རྒས་གོག་སོགས་ལ་སློབ་ཡོན་གྱི་མཐུན་རྐྱེན་དང་གཞིས་ཆགས་ཁག་ལ་སོ་ནམ་ཞིང་ལས་དང་འཛུགས་སྐྲུན་བཅས་ཀྱི་ཐོག་རོགས་རམ་གནང་མུས་ཡིན་པ་ལྟར། ད་བར་བོད་ཕྲུག་ ༡༤༠༠ ལྷག་དང་རྒན་གོག་ ༨༠༠ ལྷག དགེ་འདུན་པ་དང་བཙུན་མ ༤༠༠ ལྷག་སོགས་ཁྱོན་བོད་མི་ ༢༨༠༠ ལྷག་ལ་རོགས་རམ་གནང་མུས་ཡིན་པར་མ་ཟད་ལོ་རེར་ཆ་སྙོམས་ཧིན་སྒོར་ཐེར་འབུམ་གཅིག་ལྷག་རོགས་སྐྱོར་གནང་མུས་ཡིན་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ལའང་ལོ་མང་ནས་བོད་དོན་དང་བོད་མིར་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཨ་རིའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard  Blum ལགས་དམ་པ་དེ་ཉིད་ཀྱི་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་ཐོག་དམ་པ་དེ་ཉིད་ཀྱི་བུ་མོ་ Heidi Blum ལགས་དང་ཁོང་གི་བུ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས་བཅས་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༡༩༧༠ ནང་སྐུ་ཞབས་ Richard  Blum ལགས་དམ་པ་དེ་ཉིད་ཀྱིས་བཙན་བྱོལ་བོད་མིའི་ཕྲུ་གུ་རྣམས་ལ་རོགས་རམ་གནང་བ་ནས་བཟུང་སྐུ་ཚེའི་འཕེན་པ་མ་རྫོགས་བར་བོད་དོན་ལ་ཞལ་ཞེ་གཉིས་མེད་སྒོ་ནས་རྒྱབ་སྐྱོར་གནང་ཡོད་སྟབས། བོད་མི་རྣམས་ལ་མཚོན་ན་དམ་པ་དེ་ཉིད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་ཡོད།གཞི་རྩའི་སྲིད་སྐྱོང་མཆོག་ཕྱིའི་རྒྱལ་ཁབ་ཁག་གསུམ་ལ་ཕྱོགས་སྐྱོད་གནང་གྲུབ་མ་ཐག་ཡིན་པ་དང་ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མ་ནི་དང་ཨ་རི། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཕྱོགས་ཕེབས་སྐབས་ཀྱི་གནས་ཚུལ་ཁག་ཅིག་སྙན་སེང་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་བརྒྱུད་ལམ་ཁག་ལ་སྲིད་སྐྱོང་མཆོག་གིས་རྒྱུན་དུ་༸གོང་ས་མཆོག་ལ་ལས་དོན་ཇི་གཉེར་སྙན་སེང་སྒྲོན་འབུལ་ཞུ་སྲོལ་ཡོད་པ་ལྟར་ཐེངས་འདིའི་ཕྱོགས་སྐྱོད་སྐབས་གནས་ཚུལ་གང་བྱུང་བ་རྣམས་སྙན་སེང་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་དང་སྦྲགས་ཏེ་བསྔགས་བརྗོད་མཛད་སོང་བས་རང་མི་མང་གིས་བདམས་པའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་སེམས་འགུལ་འཕར་མ་ཞིག་ཐེབས་ཏེ་ལས་ཀ་བྱེད་རྒྱུར་ཀུན་སློང་འཕར་མ་ཞིག་བྱུང་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།