Tibetan Royal Year of 2151 | Year of the Wood Dragon

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཉི་ཧོང་ཀྱི་གྲོས་ཚོགས་ནང་དུ་  All Party Japanese Parliamentary Group for Tibet ཞེས་ཉི་ཧོང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་པ་དང་སྦྲགས། དེ་རིང་ཚོགས་པ་གསར་འཛུགས་པ་དང་འབྲེལ་བའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག

དེ་རིང་སྔ་དྲོ་ཚོུད་ ༨ ནས་ ༩ བར་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉིད་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་ཚོགས་འདུ་ཚོགས་ཡོད་པ་རེད།

སྐབས་དེའི་ཚོགས་འདུ་ཐོག་གྲོས་ཚོགས་འོག་མའི་འཐུས་མི་ ༥༨ དང་གྲོས་ཚོགས་གོང་མའི་འཐུས་མི་ ༢༤ བཅས་ཁྱོན་གྲོས་ཚོགས་འཐུས་མི་ ༨༠ ཙམ་ནས་མཉམ་ཞུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་འདུག

སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་དང་ད་ལྟ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Shimomura Hakubun མཆོག་གིས་བོད་མི་རྣམས་ནས་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་གནང་བཞིན་ཡོད་པ་དང་། དམག་འཁྲུག་དང་རྩོད་རྙོག་གི་ཁེངས་པའི་འཛམ་གླིང་འདིའི་ནང་ཞི་བདེ་བསྐྲུན་རྒྱུའི་ཐད་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་གི་ཐོག་ནས་ལེགས་སྐྱེས་རླབས་ཆེན་ཞིག་ཕུལ་ཐུབ་ཀྱི་རེད་ཅེས་གསུངས་འདུག

དེ་བཞིན་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་དང་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཙོ་གསར་པ་ལྕམ་ Yoshiko Sakurai ལགས་ཀྱིས་ད་རེས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་དགའ་བསུའི་འཚམས་འདྲི་གནང་པ་དང་སྦྲགས། བོད་དང་བོད་མིའི་ཆོས་དང་རིག་གཞུང་ལ་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་རྒྱུའི་ནུས་པ་ཤུགས་ཆེ་ཡོད་སྐོར་གསུངས་ཡོད་པ་རེད།  ལྷག་པར་དུ་བོད་པའི་སློབ་ཕྲུག་རྣམས་ལ་ཡུལ་དེའི་སློབ་གྲྭ་འདྲ་མིན་ནང་དུ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་གལ་ཡིན་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་ཀྱི་རེད་ཅེས་གསུངས་འདུག

ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་འདིས་ཞི་བདེ་དང་ཚེ་བ་མེད་པའི་རིན་ཐང་ལ་རྒྱབ་སྐྱོར་བྱེད་པ་ཞིག་མཚོན་གྱི་ཡོད་ཅེས་སོགས་གསུངས་འདུག

སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་པར་བོད་མིའི་སྒྲིག་འཛུགས་དང་མང་བོད་མི་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཟང་པོའི་འོག་བོད་མི་རྣམས་ནས་ད་བར་རྒྱ་ནག་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་སེལ་ཐབས་གནང་བཞིན་ཡོད་པ་དང་། ད་སྐབས་བོད་མིའི་རྩ་ཆེ་བའི་ཆོས་དང་རིག་གཞུང་རྩ་མེད་འགྲོ་རྒྱུའི་གཉན་འཕྲང་ཅན་གྱི་དུས་ཚོད་ཞིག་ལ་སླེབས་ཡོད་པ་སོགས་བོད་དོན་ཛ་དྲག་གནས་སྟངས་ཁག་སྙན་གསེང་ཞུས་པ་དང་འབྲེལ། ཉི་ཧོང་ལྟ་བུ་བོད་མི་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ཁག་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་པ་དེ་དག་གིས་ད་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་འདུག

ཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་དུ་ཐེངས་མང་ཆིབས་བསྒྱུར་གནང་མྱོང་ཡོད་པ་དང། ཉེ་ཆར་ཟླ་བ་སྔོན་མའི་ནང་དུ་༸གང་ཉིད་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་ཡུལ་དེའི་གྲོས་ཚོགས་ནང་དུ་གདན་ཞུ་ཕུལ་བ་དང་སྦྲགས་ཏེ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༢༢༩ ཙམ་དང་མཇལ་མོལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།