Tibetan Royal Year of 2151 | Year of the Wood Dragon

དཀྲོག་གཏམ་མིན་པའི་དངོས་ཡོད་གནས་ཚུལ་ལ་འཇིགས་ཞུམ་མེད་པར་གདོང་ལེན་གནང་དགོས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་པ་གཉིས་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་སུ་ཆེད་ཕེབས་ཡོད་པ་དང་། དེ་རིང་སྔ་དྲོ་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ་མི་མང་ལྷན་འཛོམས་ཐོག་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་གསོལ་སྩལ་མཛད་པའི་དགོངས་གཞི་དེ་ནི་འདྲ་མཉམ་དང་རང་དབང་བཅས་ཀྱི་ཐད་ནས་མང་ཚོགས་རྣམས་མ་རིག་མུན་པ་སེལ་བའི་ཐོག་མ་འོངས་པར་རང་ཐག་རང་གཅོད་ཐུབ་ཐབས་བཅས་ཀྱི་དགོངས་གཞི་རླབས་ཆེན་འོག་ནས་སྐུ་དབང་རྩིས་སྤྲོད་གནང་ཡོད་པ་ལྟར་མང་ཚོགས་ཀྱི་ངོས་ནས་དགོངས་གཞི་དེ་དག་ཚུལ་བཞིན་ལག་བསྟར་ཐུབ་ཐབས་སུ་དཀྲོག་གཏམ་རིགས་ལ་དབུ་མ་འཁོར་བར་དཀྲོག་གཏམ་མིན་པའི་དངོས་ཡོད་གནས་ཚུལ་ལ་འཇིགས་ཞུམ་མེད་པར་གདོང་ལེན་གནང་དགོས་ཞེས་གསུངས་ཡོད།སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་ལགས་གཉིས་ཀྱིས་ཁ་སང་རྒྱ་གར་དབུས་གཞུང་གི་ཁྲིམས་ལུགས་བློན་ཆེན་སྐུ་ཞབས་  Kiran Rijiju མཆོག་དང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Sujeet Kumar མཆོག་བཅས་ལ་མཇལ་འཕྲད་ཞུས་འདུག་པ་མ་ཟད། རྒྱ་གར་གྱི་དཔོན་རིགས་རྣམ་པ་གཉིས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆིག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་སྐོར་ཞུས་འདུག།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལམ་སྲོལ་ལྟར་ཕྱི་ཚེས་༡༠ ནས་ ༡༤ བར་ཉིན་གྲངས་གསུམ་རིང་རྒྱལ་ས་ལྡི་ལི་དང་ཉེ་འཁོར་གྱི་སུད་ཚོང་ས་གནས་ཁག་ཅིག་བཅས་ཀྱི་འཚམས་གཟིགས་སུ་ཕེབས་པའི་སྐབས་ ༡༧ པའི་སྤྱི་འཐུས་རྡོ་རྗེ་དབང་འདུས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ངོ་སྤྲོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་བཀྲིན་ཉག་གཅིག་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་བ་གཞན་དང་གནས་སྟངས་མི་འདྲ་བ་ཞིག་ཆགས་ཡོད་པར་བཀྲིན་བསམ་ཤེས་ཐུབ་ཐབས་དང་། ལྷག་པར་དུ་བོད་ནང་ད་ལྟའི་གནས་སྐབས་འདིར་བོད་ཀྱི་ནང་བསྟན་དང་སྐད་ཡིག།རིག་གཞུང་བཅས་རྒྱ་ནག་གི་སྲིད་བྱུས་འོག་གནས་སྟངས་ཤིན་ཏུ་ཛ་དྲག་འོག་གནས་ཡོད་སྟབས། ལྡི་ལིའི་མི་མང་ཚོས་རྒྱུན་དུ་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་འགུལ་ཁག་ཏུ་ནུས་པ་མཉམ་སྤུངས་གནང་གི་ཡོད་པར་ཡི་རང་བསྔགས་བརྗོད་དང། མ་འོངས་པར་ཚོགས་པ་སུས་ལས་འགུལ་སྤེལ་ཡང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་གལ་ཡིན་སྐོར་གསུངས་སོང་།    ལྡི་ལི་ཁུལ་དུ་འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ད་དུང་མང་ཚོགས་ལ་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་ཐེངས་དང་པོའི་ལས་དོན་སྙིང་བསྡུས་སུ་གསལ་བཤད་གནང་བ་མ་ཟད། མང་ཚོགས་ཀྱི་ངོས་ནས་ཕྱག་ལས་གང་གནང་བ་དེ་ཆོལ་ཁའི་ཕྱོགས་རིས་མིན་པར་བོད་ཀྱི་རྩ་དོན་རང་ལ་དམིགས་ཏེ་གནང་གལ་ཆེ་སྐོར་གསུངས་ཡོད་པ་རེད།དེ་རྗེས་མང་ཚོགས་ཀྱི་ངོས་ནས་༸རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་ནས་བློ་འཚབ་ཆེན་པོ་བྱུང་ཡོད་པའི་སྐོར་དང་ད་ལྟ་འཚོགས་བཞིན་པའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ལྟ་བུའི་གོ་སྐབས་ནམ་འབྱུང་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཙམ་མིན་པར་གཞུང་མང་གཉིས་ཀྱི་ཐོག་ནས་གོ་སྐབས་དམ་འཛིན་གྱི་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་དགོངས་ཚུལ་ཕུལ་ཡོད། དེ་བཞིན་སྤྱི་འཐུས་རྣམ་གཉིས་ལ་དྭགས་དྷརྨ་ཤཱ་ལཱ་དང་ལྡི་ལི་སྐུ་ཚབ་དོན་ཁང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་སོགས་སུ་འཚམས་གཟིགས་གནང་སྟེ། ཉིན་རྒྱབ་ཏུ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shashi Tharoor མཆོག་དང་སྐུ་ཞབས་ Jairam Ramesh མཆོག་བཅས་ལ་མཇལ་འཕྲད་ཞུས་པ་དང་། སང་ཉིན་ནས་ལྡི་ལི་ཉེ་འཁོར་སོ་ནི་པཊ་དང་གུར་གྷའོ་ན། པཱ་ནི་པཊ་བཅས་སུ་འཚམས་གཟིགས་ཕེབས་རྒྱུའི་མཛད་རིམ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།