Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ནང་རྒྱ་གཞུང་གི་གསང་བའི་ཉེན་རྟོག་ལས་ཁང་སྒོ་བརྒྱབ་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

དབྱིན་ཡུལ་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Tom Tugendhat མཆོག་གིས་ཁ་ཉིན་ཡུལ་དེའི་གྲོས་ཚོགས་སུ་ཡིག་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན། དབྱིན་ཡུལ་གཞུང་གི་ངོས་ནས་ཡུལ་དེའི་ཁུལ་དེར་རྒྱ་གཞུང་གིས་གསང་བའི་ངང་ཆེད་བཙུགས་བྱས་པའི་ཁྲིམས་འགལ་ཉེན་རྟོག་ལས་ཁང་ཡོངས་རྫོགས་སྒོ་བརྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་དེ་འབྲེལ་དབྱིན་ཡུལ་གྱི་ས་ཚིགས་བཞིའི་ནང་གི་ཉེན་རྟོག་ལས་ཁང་སྒོ་བརྒྱབ་ཟིན་པ་བརྗོད་འདུག

དེའང་ Safeguard defenders ཞེས་པའི་ Spain ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་སྔ་ལོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ཨ་རི་དང་། ཉི་ཧོང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་ཁྱོན་ ༥༠ ལྷག་གི་ནང་དུ་གསང་བའི་ཉེན་རྟོག་ལས་ཁང་ཆེད་བཙུགས་ཀྱིས་རྒྱ་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་སུན་གཙེར་དང་རྗེས་འདེད་སོགས་ཀྱི་བརྒྱུད་གནོན་ཤུགས་སྣ་ཚོགས་སྤྲོད་བཞིན་པ་ར་སྤྲོད་གནང་ཡོད་པ་རེད།

དེའི་ཁྲོད་དབྱིན་ཡུལ་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Tom Tugendhat མཆོག་གིས་གྲོས་ཚོགས་སུ། དབྱིན་ཡུལ་གྱི་ཉེན་རྟོག་པས་ Safeguard defenders གིས་འདོན་སྤེལ་གནང་བའི་སྙན་ཐོར་ཞིབ་འཇུག་གནང་བ་ལྟར། རྒྱ་ནག་གིས་དབྱིན་ཡུལ་གྱི་ས་ཚིགས་བཞི་ཙམ་གྱི་ནང་གསང་བའི་ཉེན་རྟོག་ལས་ཁང་བཙུགས་ཡོད་པ་སྙན་སེང་དང་འབྲེལ། སྤྱིར་ཉེན་རྟོག་ལ་ཁང་དེ་དག་གིས་ད་བར་རྒྱ་གཞུང་གི་ཚབ་བྱས་ནས་དབྱིན་ཡུལ་ས་ཐོག་ཏུ་ཁྲིམས་འགལ་གྱི་ལས་དོན་རིགས་སྤེལ་བ་ར་སྤྲོད་བྱུང་མེད་ཀྱང་། ཉེན་རྟོག་ལས་ཁང་དེ་དག་དབྱིན་ཡུལ་ས་ཐོག་ཏུ་གཞུང་གིས་ཤེས་རྟོགས་མེད་པར་ཆེད་བཙུགས་བྱས་པ་ནི་ཡུལ་དེའི་ནང་རྒྱ་ནག་ནས་ཉེན་གཡོལ་དུ་ཕེབས་པ་རྣམས་ལ་ཉེན་ཁ་ཞིག་ཆགས་ཀྱི་ཡོད་སྟབས། དབྱིན་ཡུལ་གཞུང་ནས་དེར་ངོས་ལེན་ཐུབ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག

རྒྱལ་སྲུང་བློན་ཆེན་ཁོང་གིས་ད་དུང་། རྒྱ་ནག་གི་ཉེན་རྟོག་ལས་ཁང་དེ་དག་ཡོངས་སུ་སྒོ་བརྒྱབ་ཟིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin གིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་དང་། ལྷག་པར་རྒྱལ་ཁབ་ཕན་ཚུན་གྱི་ཁྲིམས་ཀྱི་བདག་དབང་ལ་གུས་བརྩི་ཞུ་བཞིན་ཡོད་ལུགས་དང་ཆབས་གཅིག གསང་བའི་ཉེན་རྟོག་ལས་ཁང་ཟེར་བ་རྩ་བ་མེད་པ་དང་། དབྱིན་ཡུལ་ངོས་ནས་རྒྱ་ནག་ལ་མིང་རྗེས་བཟོ་ཐབས་ཀྱི་ལས་དོན་དེ་རིགས་འཁྲལ་དུ་མཚམས་འཇོག་དགོས་པ་བཤད་འདུག

སྤྱིར་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Rish Sunak མཆོག་གིས་ཟླ་བ་སྔོན་མའི་ནང་ G7 ཞེས་རྒྱལ་སྤྱིའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་རྒྱ་ནག་ནི་གོ་ལ་སྤྱིའི་གོང་འཕེལ་དང་བདེ་འཇགས་སྲུང་སྐྱོབ་ཐད་ཉེན་ཚབས་ཆེ་ཤོས་ཤིག་ཡིན་པ་འགྲེལ་བརྗོད་གནང་ཡོད།

དེའི་བར་ན་སྲིད་བློན་ Rishi Sunak མཆོག་གིས་སྣེ་ཁྲིད་གནང་བའི་དབྱིན་ཡུལ་གཞུང་གི་ངོས་ནས་ཁ་སང་གྲོས་ཚོགས་སུ་ Procurement Bill ཞེས་པའི་གྲོས་གཞིར་བསྐྱར་བཅོས་ཁག་གཅིག་བསྣམས་པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ། རིང་མིན་གཞུང་གི་གལ་ཆེའི་ས་ཚིགས་ཁག་ནས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞིའི་ཁྱབ་ཁོངས་སུ་གཏོགས་པའི་ཚོང་ལས་ཁང་ཁག་གིས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་མ་ཟད། དེ་འབྲེལ་ལས་དོན་སླད་དུས་ཚེས་ཚད་བཀག་བཟོས་ཡོད་སྐོར་ཡང་གསུངས་འདུག

གཞུང་གི་གྲོས་འཆར་དེར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དགའ་བསུ་ཞུས་ཡོད་ཀྱང་། ཁག་གཅིག་གིས་དབྱིན་ཡུལ་གཞུང་གི་གལ་ཆེའི་ས་ཚིགས་ཁོ་ན་མིན་པར་ལས་ཁུངས་ཡོངས་ཀྱི་ནང་ནས་རྒྱ་ནག་གིས་བཟོས་པའི་བརྙན་མིག་དེ་དག་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།