Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་མཐོ་སློབ་ཁག་གི་སྨྲ་བརྗོད་རང་དབང་གི་ཁྲིམས་འཆར་ཕྱིར་བསྡུ་བྱེད་སྲིད་པར་སྐྱོན་བརྗོད།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Keir Starmer མཆོག་གིས་སྣེ་ཁྲིད་པའི་ངལ་རྩོལ་ཆབ་སྲིད་ཚོགས་པས་རྒྱ་ནག་གི་དབྱིན་ཇིའི་མཐོ་སློབ་ཁག་ཏུ་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བྱེད་བཞིན་པའི་རྒྱུ་མཚན་ལ་གཞིགས་ནས་ཡུལ་དེའི་མཐོ་སློབ་ཁག་གི་ནང་གཟའ་འཁོར་རྗེས་མར་ལག་བསྟར་གནང་རྒྱུའི་སྨྲ་བརྗོད་རང་དབང་གི་ཁྲིམས་འཆར་དེ་ཕྱིར་བསྡུ་གནང་སྲིད་པའི་གསལ་བསྒྲགས་སྤེལ་བར་རྙིང་ཞེན་ཚོགས་པས་སྐྱོན་བརྗོད་ནན་པོ་དང་འབྲེལ། ད་ལྟའི་གཞུང་འཛིན་གྱིས་རང་རྒྱལ་ཁབ་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་རྣམས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་གནང་ཐུབ་མེད་པ་མ་ཟད་མཐོ་སློབ་ཁག་གི་ཤེས་ཡོན་གྱི་རང་དབང་ལ་ཡང་དོ་ཕོག་ཆེན་པོ་གཏོང་ཡོད་པ་གསུངས་འདུག

Bridget Phillipson
Bridget Phillipson & Keir Starmer

རྩ་བའི་དབྱིན་གཞུང་ལ་ཡུལ་དེའི་མི་སེར་རྣམས་ཀྱི་སྨྲ་བརྗོད་རང་དབང་གཙོས་གཞི་རྩའི་རང་དབང་ཁག་སྲུང་སྐྱོབ་གནང་རྒྱུའི་ཁྲིམས་མཐུན་གྱི་འོས་འགན་ཡོད་པ་ལྟར། སྔ་ལོར་རྙིང་ཞེན་ཚོགས་པས་མཐོ་སློབ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་ཚོར་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐབས་སུ་ Freedom of Speech Act 2023 འམ་སྨྲ་བརྗོད་རད་དབང་གི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་པ་དང་། དེར་ངལ་རྩོལ་ཚོགས་པས་ཀྱང་རྒྱབ་སྐྱོར་གྱིས་ཁྲིམས་འཆར་དེ་བཞིན་གཟའ་འཁོར་རྗེས་མ་ནས་ལག་བསྟར་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་ཙམ་མ་ཟད། ཁྲིམས་འཆར་དེས་ཡུལ་དེའི་སློབ་ཕྲུག་རྣམས་ལ་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཚད་མཐོ་ཤོས་དེ་སྤྲོད་པར་ཕན་ནུས་སྦྱིན་གྱི་ཡོད་པ་དང་། ལྷག་པར་དབྱིན་ཡུལ་ནང་ཤེས་ཡོན་གྱི་རང་དབང་ལ་གོམ་སྟབས་གསར་པ་ཞིག་བསྐྲུན་གྱི་ཡོད་པ་རེད།

དེ་ལྟར་ཡང་ཉེ་ཆར་ཕྱི་ཚེས་ ༢༣ ཉིན་ཡུལ་དེའི་ཤེས་རིག་བློན་ཆེན་ལྕམ་སྐུ་ Bridget Phillipson ལགས་ཀྱིས་སྲིད་གཞུང་གི་དྲྭ་སྟེང་དུ་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། བདུན་ཕྲག་རྗེས་མར་ལག་བསྟར་གནང་རྒྱུའི་སྨྲ་བརྗོད་རང་དབང་གི་ཁྲིམས་འཆར་དེས་ཡུལ་དེའི་སློབ་གླིང་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་ཚོར་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་འཁོན་འཛིན་ཅན་གྱི་བཀའ་མོལ་དང་། དྲག་སྤྱོད་ཀྱི་གཏམ་བཤད་རིགས།  དེ་བཞིན་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་སྲིད་པའི་གནོད་གཏམ་རིགས་བརྗོད་པར་ཆེས་གུ་ཡངས་ཀྱི་ཁོར་ཡུག་ཞིག་བསྐྲུན་ངེས་དང་། ལྷག་པར་ཁྲིམས་དེས་ཡུལ་དེའི་སློབ་གླིང་ཁག་ལ་དཀའ་ངལ་ཆེན་པོ་བཟོ་སྲིད་པའི་ཉེན་ཁ་ཡོད་པས། ད་ལྟའི་རིང་ཁྲིམས་འཆར་དེ་ཉིད་ཕྱིར་འགྱངས་དང་མ་འོངས་པར་ཕྱིར་བསྡུ་གནང་སྲིད་པའི་གསལ་བསྒྲགས་སྤེལ་འདུག

Freedom-of-speech

ཐག་གཅོད་དེ་དང་འབྲེལ། རྙིང་ཞེན་ཚོགས་པའི་འགོ་ཁྲིད་མང་དག་གཅིག་གིས་ད་རེས་དབྱིན་ཡུལ་སྲིད་གཞུང་གིས་སྨྲ་བརྗོད་རང་དབང་གི་ཁྲིམས་འཆར་དེ་ཕྱིར་བསྡུ་གནང་སྲིད་པའི་སྐོར་སྐུལ་འདེད་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ཁྲིམས་འཆར་དེས་ཡུལ་དེའི་མཐོ་སློབ་ཁག་གི་རྒྱ་ནག་དང་འབྲེལ་བའི་ཡོང་འབབ་ལ་གནོད་སྐྱོན་ཐེབས་རྒྱུ་དང་། ལྷག་པར་རྒྱ་ནག་དང་ལྷན་འབྲེལ་བ་དེ་བས་ཁག་པོ་བཟོ་ངེས་སོགས་ཀྱི་ཞེད་སྣང་ལས་བྱུང་བ་ཡིན་སྐོར་མངོན་གསལ་དང་སྦྲགས།  ད་ལྟའི་གཞུང་འཛིན་གྱིས་རང་རྒྱལ་ཁབ་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་རྣམས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་གནང་ཐུབ་མེད་པ་མ་ཟད་མཐོ་སློབ་ཁག་གི་ཤེས་ཡོན་གྱི་རང་དབང་ལ་ཡང་དོ་ཕོག་ཆེན་པོ་གཏོང་ཡོད་པའི་དགོངས་ཚུལ་ཤུགས་ཆེ་བཏོན་འདུག

མ་ཟད། སྨྲ་བརྗོད་རང་དབང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་དང་། མཐོ་སློབ་ཁག་གི་ཁྲོད་དུ་རང་དབང་གྱི་བསམ་ཚུལ་བརྗོད་པར་འགོག་རྐྱེན་ཡོད་ན་དེས་སློབ་མ་རྣམས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་སོགས་ལུང་འདྲེན་གྱིས།  ད་རེས་སྨྲ་བརྗོད་རང་དབང་གི་ཁྲིམས་འཆར་དེ་དབྱིན་ཡུལ་ནང་ལག་བསྟར་གནང་ཐུབ་མེད་པ་དེ་ནི་ཆེས་ནོར་འཕྲུལ་ཞིག་ཡིན་པར་སྐྱོན་བརྗོད་དང་ཆབས་ཅིག  ངལ་རྩོལ་ཚོགས་པས་རང་རྒྱལ་ཁབ་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཕྱིར་ཁྲིམས་འཆར་དེར་བསྐྱར་ཞིབ་གནང་དགོས་བའི་འབོད་སྐུལ་ཞུས་འདུག

Lord Alton
Lord Alton

དེ་བཞིན་དབྱིན་ཡུལ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Lord Alton ལགས་ཀྱིས་རང་ཉིད་ཀྱི་དྲ་གནས་ཐོག་དབྱིན་ཡུལ་གཞུང་གིས་རྒྱ་ནག་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཞིག་དང་མཉམ་ལས་གཙོས་འབྲེལ་བ་དམ་གཟབ་འཛིན་རྒྱུ་གལ་ཆེ་ངོས་འཛིན་གྱིས། ཡུལ་དེའི་ནང་གནས་སྡོད་མི་སྒེར་དང་ཚོགས་པ་གང་རུང་གི་སྨྲ་བརྗོད་རང་དབང་ལ་འགོག་རྐྱེན་སོགས་ཀྱི་བྱ་སྤྱོད་སྤེལ་བ་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་ཞིང་། དབྱིན་གཞུང་ངོས་ནས་གནད་དོན་འདིའི་ཐོག་དགོངས་པ་ཆེ་བཞེས་གནང་དགོས་པ་གསུངས་འདུག

གཞི་རྩའི་ལོ་ཤས་ནས་དབྱིན་ཡུལ་གྱི་ Henry Jackson Society གཙོས་གཞན་བློ་མཛོད་བསྟི་གནས་ཁང་མི་ཉུང་བ་ཞིག་གིས་ཉམས་ཞིབ་སྙན་ཐོ་རབ་དང་རིམ་པ་འདོན་སྤེལ་བརྒྱུད། ཁུལ་དེར་ཡོད་པའི་རྒྱ་རིགས་སློབ་ཕུག་ཚོགས་པ་དེ་དག་གིས་དབྱིན་ཡུལ་གྱི་མཐོ་སློབ་ཁག་གཙོས་པའི་ས་གནས་སུ་རྒྱ་ནག་གཞུང་གི་དགོས་དམིགས་དང་མཐུན་པའི་ཆབ་སྲིད་ཀྱི་ལས་དོན་གཉེར་བཞིན་ཡོད་པ་ཐེར་འདོན་གྱིས།  དབྱིན་གཞུང་གིས་ཡུལ་དེའི་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་ཁག་ཏུ་སློབ་འཇུག་གནང་སྟངས་གཙོས་དཔལ་འབྱོར་གྱི་ཡོང་ཁུངས་ཁག་ལ་དཔྱད་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ལན་མང་ཞུས་ཡོད་པ་ལྟར། སྔ་ལོར་ Civitas ཞེས་པའི་བློ་མཛོད་བསྟི་གནས་ཁང་ནས་བདེ་འཇགས་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ Westminster དང་། Huddersfield དེ་བཞིན་ Cranfield སོགས་ཁྱོན་གཙུག་ལག་སློབ་གཉེར་ཁང་ ༤༦ གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་དམག་སྡེ་ཁག་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།

University of Westminster
University of Westminster

དེའི་ཐད་གནད་དོན་དཔྱད་ཞིབ་པ་མི་ཉུང་བ་ཞིག་གིས་རྒྱ་ནག་གི་དབྱིན་ཇིའི་མཐོ་སློབ་ཁག་ཏུ་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བྱེད་བཞིན་པ་དེས་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་སྐྱེལ་གྱི་ཡོད་པ་དང་། མཐོ་སློབ་ཁག་གི་ཤེས་ཡོན་གྱི་རང་དབང་ལ་ཡང་དོ་ཕོག་ཆེན་པོ་གཏོང་གི་ཡོད་སྐོར་བློ་འཚབ་བསྟན་ཡོད་པ་ཙམ་མ་ཟད། དབྱིན་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་བར་སྤྱི་ཚོགས་སྟེང་མངོན་གསལ་དོད་པའི་གནད་དོན་འདིའི་ཐོག་གླེང་སློང་དང་མཉམ། མི་མང་གི་སྨྲ་བརྗོད་རང་དབང་གཙོས་གཞི་རྩའི་ཐོབ་ཐང་སྲུང་ཐུབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།