Tibetan Royal Year of 2151 | Year of the Wood Dragon

ནིའུ་ཛི་ལེནྜ་སྲིད་བློན་གཞོན་པས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་བོད་གཙོས་འགྲོ་བ་མིའི་ཐོབ་ཐང་གླེང་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཝང་ཡིས་ New Zealand ནིའུ་ཛི་ལེནྜ་དང་  Australia ཨོསྟྲེ་ལི་ཡ་ཁུལ་དུ་གཞུང་འབྲེལ་སྐོར་བསྐྱོད་བྱེད་བཞིན་ཡོད་པ་ལྟར། ཁ་སང་ནིའུ་ཛི་ལེནྜ་སྲིད་བློན་གཞོན་པས་ཝང་ཡི་དང་ཐུག་འཕྲད་ཀྱིས་བོད་གཙོས་ཤར་ཏུར་ཀིས་ཐན་དང་ཧོང་ཀོང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་འདུག

NewZealand China Meet

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཟླ་བ་འདིའི་ཚེས་ ༡༨  ནས་འགོ་འཛུགས་ཀྱིས་གོང་འཁོད་རྒྱལ་ཁབ་གཉིས་ཀྱི་ནང་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་སྐོར་བསྐྱོད་བྱེད་བཞིན་པ་དང་། དེ་ནི་ཕྱི་ལོ་ ༢༠༡༧  རྗེས་རྒྱལ་ཁབ་དེ་དག་ནང་གི་སྐོར་བསྐྱོད་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་ཅིང་། ཁོང་གིས་སྐོར་བསྐྱོད་དེའི་ཁྲོད་ཁ་སང་ནིའུ་ཛི་ལེནྜ་གི་རྒྱལ་ས་ Wellington ནང་དུ་ཡུལ་དེའི་སྲིད་བློན་བགྲེས་གཞོན་རྣམ་གཉིས་གཙོས། ཕྱི་སྲིད་བློན་ཆེན་བཅས་ཐུག་འཕྲད་བྱས་འདུག

ཕྱོགས་གཉིས་ཀྱི་མཇལ་མོལ་སྐབས་ཚོང་ལས་དང། བདེ་འཇགས། དེ་བཞིན་རྒྱལ་སྤྱིའི་གནས་ཚུལ་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་འདུག་པ་མ་ཟད།  ནིའུ་ཛི་ལེནྜ་གི་སྲིད་བློན་གཞོན་པ་ Winston Peters མཆོག་གིས་སྐབས་དེར་ཝང་ཡི་ལ་བོད་དང་ཤར་ཏུར་ཀིས་ཐན། ཧོང་ཀོང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་རྒྱ་གར་ཞི་བདེ་རྒྱ་མཚོ་དང་། ཐེ་ལྦན་མཚོ་གླིང་ཁུལ་གྱི་གནད་དོན་སྐོར་ལའང་གླེང་འདུག

NewZealand China Meet

ཐུགས་འཕྲད་ཁྲོད་ནིའུ་ཛི་ལེནྜ་གི་སྲིད་བློན་གཞོན་པས་ནིའུ་ཛ་ལེནྜ་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་འབྲེལ་བ་དམ་ཟབ་ཡོད་ཀྱང་། རྒྱ་གཞུང་གིས་སྤེལ་བཞིན་པའི་བྱ་སྤྱོད་ལ་ཐུགས་འཚབ་ཀྱིས་རྣམ་པ་གསལ་བཏོན་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་གནང་སྐབས་རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ནས་ང་ཚོ་མཉམ་ལས་ཐོག་འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏང་དགོས་ཞེས་བརྗོད་འདུག

ལས་རིམ་ལྟར་ན། སང་ཉིན་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡི་ཨོསྟྲེ་ལི་ཡའི་ནང་གཙོ་བོ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་ཐབས་བྱུས་ལྷན་ཚོགས་ནང་མཉམ་ཞུགས་སླད་གཞུང་འབྲེལ་སྐོར་བསྐྱོད་དུ་འགྲོ་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་ཁབ་གཉིས་དབར་གྱི་ཚོང་ལས་དང། བདེ་འཇགས་གཙོས་གཞན་གནད་དོན་ཁག་ཅིག་ཐོག་གླེང་སློང་བྱ་རྒྱུ་ཡིན་པ་རེད་འདུག

སྐོར་བསྐྱོད་དེ་དང་བསྟུན། ཨ་རི་ནང་དུ་རྟེན་གཞི་བྱས་པའི་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བསྒྲགས་གཏམ་ཞིག་འདོན་སྤེལ་དང་འབྲེལ། Australia ཨོསྟྲེ་ལི་ཡ་གཞུང་གི་ངོས་ནས་ཐེངས་འདིའི་གོ་སྐབས་དང་བསྟུན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་ཡུལ་དེའི་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དགོས་པ་མ་ཟད། གནད་དོན་དེའི་ཐོག་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་ཙམ་མ་ཡིན་པར་དོན་དངོས་ལག་ལེན་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

NewZealand China Meet

བསྒྲགས་གཏམ་ནང་དེ་སྔོན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གིས་ཤར་ཏུར་ཀིས་ཐན་སོགས་ཀྱི་ནང་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་ཐེར་འདོན་དང་འབྲེལ། དེ་སྔོན་སྙན་ཐོ་འདོན་སྤེལ་གནང་བའི་སྐབས་དང་། དེ་བཞིན་རྒྱ་ནག་གིས་མི་སེར་ཞིག་ལ་སྲོག་ཐོག་ཉེས་ཆད་བཏང་བའི་སྐབས་བཅས་སུ། Australia ཨོསྟྲེ་ལི་ཡ་གཞུང་ངོས་ནས་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་ཡོད་པ་སོགས་ལུང་འདྲེན་གྱིས། ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཨོསྟྲེ་ལི་ཡའི་འགོ་ཁྲིད་དབར་ཐུག་འཕྲད་སྐབས་ཡུལ་དེའི་ངོས་ནས་རྒྱ་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན་ཤར་ཏུར་ཀིས་ཐན་ནང་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལས་གཞི་དེ་དག་སྐོར་ངེས་པར་གླེང་སློང་ཙམ་ཞིག་མ་ཡིན་པར། དོན་དངོས་ལག་བསྟར་གཙོ་འཛིན་གནང་དགོས་པ་མ་ཟད། གལ་ཏེ་རྒྱ་ནག་ངོས་ནས་དྲག་སྤྱོད་དེ་དག་མཚམས་འཇོག་མ་བྱས་ཚེ་ Australia གཞུང་ངོས་ནས་ལམ་གཞན་གང་ཞིག་སྤེལ་རྒྱུ་ཡིན་མིན་ཁ་གསལ་བཟོ་དགོས་པ་གསུངས་འདུག

མ་ཟད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་མ་གཏང་བ་ཡིན་ན། ཨོ་གླིང་གཞུང་ངོས་ནས་ཧོང་ཀོང་གི་འགོ་ཁྲིད་མཐོ་གྲས་རྣམས་ལ་སྲིད་དོན་ཉེས་ཆད་འགེལ་དགོས་རྒྱུ་དང་། ཤར་ཏུར་ཀིས་ཐན་ནང་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་ཁག་ལ་ཞིབ་འཇུག་གནང་རྒྱུ། ཕྱི་རྒྱལ་དུ་གནས་བཞུགས་ཡུ་གུར་མི་རིགས་རྣམས་ལ་རང་ཡུལ་དུ་གར་སོང་ཆ་མེད་དུ་གྱུར་བའི་རང་ཉིད་ཀྱི་ནང་མི་རྩད་གཅོད་ཀྱི་ལས་གཞི་སྣེ་ཁྲིད་གནང་རྒྱུ། དེ་བཞིན་ཨོ་གླིང་གི་ཁྲིམས་གཞི་འགལ་ནས་ཡུལ་དེའི་ནང་དྲག་གནོན་གྱི་ལས་གཞི་སྤེལ་མཁན་རྒྱ་གཞུང་གི་དཔོན་རིགས་དང་སྐུ་ཚབ་བཅས་ལ་ཞིབ་འཇུག་བརྒྱུད་ཉེས་ཆད་འགེལ་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།