Tibetan Royal Year of 2151 | Year of the Wood Dragon

ཝང་ཡི་ཨོསྟྲེ་ལི་ཡའི་ནང་བསླེབས་པ་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཚེས་ ༢༠ ཉིན་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཝང་ཡི་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Penny Wong པེ་ནི་ཝོང་གཉིས་ཐུག་འཕྲད་གནང་རྒྱུ་དང་འབྲེལ་ཁུལ་དེར་ཡོད་པའི་ས་གནས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་མི་གྲངས་བརྒྱ་ལྷག་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་གྲོས་ཚོགས་ཀྱི་མདུན་ཐང་དུ་ལྷན་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ཁག་གཅིག་གིས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་སུ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་འདུག

Australia China Protest

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཝང་ཡི་ཟླ་བ་འདིའི་ཚེས་ ༡༨  ནས་འགོ་འཛུགས་ཀྱིས་ New Zealand ནིའུ་ཛི་ལེནྜ་དང་ Australia ཨོསྟྲེ་ལི་ཡ་གཉིས་སུ་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་སྐོར་བསྐྱོད་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཨོསྟྲེ་ལི་ཡའི་རྒྱལ་ས་ཁེན་བྷ་ར་དང་སིཌ་ཎི་བོད་རིགས་མཐུན་ཚོགས་གཉིས་གཙོ་བོར་གྱུར་བའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་གོ་སྒྲིག་འོག་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་པ་དང་ཧོང་ཀོང་བ། ནང་སོག་དང་ཡུ་གུར་བ་སོགས་མི་གྲངས་བརྒྱ་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་བ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་དེ་ཉོ་ཚོང་བྱ་རྒྱུ་ཞིག་མིན། ཞེས་པའི་འབོད་ཚིག་བསྒྲགས་པ་དང་མཉམ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱེད་བར་དུ་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་རྒྱུ་མེད་པའི་དགོས་འདུན་ཤུགས་ཆེ་བཏོན་འདུག

Australia China Protest

གནད་དོན་དེ་དང་འབྲེལ་ཨོསྟྲེ་ལི་ཡའི་ Victoria ཝིཀ་ཊོ་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསམ་གྲུབ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སླད་དཀའ་སྡུག་མྱོང་མཁན་གྱི་མི་རྣམས་ལ་དྲང་བདེན་ཡོང་ཆེད་དུ་ལས་འགུལ་དེ་ཉིད་སྤེལ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཨོ་གླིང་དུ་བཅའ་བཞུགས་ཡུ་གུར་ལས་འགུལ་བ་ Ramila Chanisheff ལགས་ཀྱིས། ཨོསྟྲེ་ལི་ཡའི་གཞུང་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ངན་སྤྱོད་ཁག་ལ་ཚིག་སྐམ་པོའི་སྐྱོན་བརྗོད་གནང་བ་ཙམ་མ་ཡིན་པར་ཐེངས་འདིའི་ཐུག་འཕྲད་ཁྲོད་ཨོ་གླིང་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱེད་བར་དུ་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་འཛིན་རྒྱུ་མེད་པ་གསུངས་འདུག  

Australia China Protest

ལས་འགུལ་ཁྲོད་ཨོ་གླིང་གྲོས་ཚོགས་འཐུས་མི་ Janet Rice ལགས་ཀྱིས་གཙོས་གཞན་གྲོས་ཚོགས་འཐུས་མི་ཁག་གཅིག་ཆེད་ཕེབས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་དང་། ཁོང་རྣམ་པས་ཨོ་གླིང་མི་སེར་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Australia ལྟ་བུ་མང་གཙོའི་རྒྱལ་ཁབ་ཏུ་བསླེབས་ནས་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲད་པར་ངོས་ལེན་རྩ་བ་ནས་མེད་པ་དང་། ཨོ་གླིང་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་གི་ཡིན་ཞེས་ཞལ་བཞེས་གནང་བ་བཞིན་ད་རེས་ཕྱི་སྲིད་བློན་ཆེན་མཆོག་གིས་ Wang Yi དང་ཐུག་འཕྲད་ཁྲོད་ཨོ་གླིང་གཞུང་འཛིན་ནས་བོད་གཙོས་ཤིན་ཅང་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་སོགས་ཀྱི་ལས་གཞི་ཡིན་གཅིག་གླེང་དགོས་པ་གསུངས་འདུག   

Australia China Protest

ཨོ་གླིང་ནང་གི་ལས་འགུལ་དེ་དང་འབྲེལ་དེ་རིང་བཞུགས་སྒར་དུ་འཚོག་བཞིན་པའི་གྲོས་ཚོགས་སུ་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཨོསྟྲེ་ལི་ཡའི་རྒྱལ་སར་ Wang Yi བསླེབས་པ་དེར་བོད་པ་ས་གནས་དྲུག་ཙམ་མཉམ་རུབ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རྣམས་མིང་འདོན་གྱིས་བསྔགས་བརྗོད་གནང་བ་དང་སྦྲགས། རྒྱ་གཞུང་ངོས་ནས་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་རྒྱའི་དཔོན་རིགས་ཚོའི་ཕྱོགས་བསྐྱོད་ལ་ངོ་རྒོལ་གནང་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡིན་ཞེས་བརྡ་ལན་ཤུགས་ཆེ་གནང་སོང་།

སྤྱིར་ཐེངས་འདིའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་ཁྲོད། ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ Penny Wong ལགས་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་ཚོང་འབྲེལ་སོགས་ཀྱི་ཐད་གྲོས་མོལ་ཡག་པོ་བྱུང་ཡོད་པ་དེ་ལྟར་ཡང་།  རྒྱ་གཞུང་གིས་ཨོསྟྲེ་ལི་ཡའི་མི་སེར་ཡིན་པ་ Yang Hengjun ཡཱང་ཧེན་ཇུན་ལགས་ལ་སྲོག་ཐོག་ཁྲིམས་བཅད་བཏང་བར་ཐུགས་འཚབ་ཀྱིས་ཨོསྟྲེ་ལི་ཡའི་གཞུང་ནས་གནད་དོན་དེའི་ཐད་མུ་མཐུད་ཞུ་གཏུག་གནང་རྒྱུ་ཡིན་པ་མ་ཟད། བོད་གཙོས་ཤིན་ཅང་དང་ཧོང་ཀོང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་གནས་སྟངས་སོགས་གླེང་ཡོད་པ་གསུངས་འདུག

Australia China Protest

གཞི་རྩའི་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་སྐོར་བསྐྱོད་དང་འབྲེལ། ཡུལ་དེའི་ཕྱི་སྲིད་བློན་ཆེན་ Penny Wong ལགས་སུ་ཕྱག་བྲིས་ཤིག་ཕུལ་ཏེ། ཨོ་གླིང་ངོས་ནས་ Wang དང་ལྷན་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་གླེང་དགོས་པ་མ་ཟད།  ཉེ་ཆར་སྡེ་དགེ་རྫོང་ནས་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ། གསར་འགོད་པ་དང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་རྣམས་ཆ་རྐྱེན་གང་ཡང་མེད་པར་བོད་ནང་བསྐྱོད་འཇུག་དགོས་པ། དེ་བཞིན་རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་ནང་མཉམ་ཞུགས་ཀྱིས་བོད་དོན་དཀའ་རྙོག་སེལ་དགོས་པར་གནོན་ཤུགས་ཆེ་ཆེར་སྤྲོད་དགོས་པ་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།