པདྨ་རྡོ་རྗེ་ཁུར་འཛིང་གི་འགྲན་སྡུར་ཁྲོད་ཕམ་ཁ་བྱུང་ནའང་བོད་ཕྱི་ནང་གཉིས་ནས་བསྟོད་བསྔགས་ཆེན་པོ་ཐོབ་པ།

Tibetan News Headlines

  • Dalai Lama Grants Audience to 380 Devotees, Says Life’s Purpose Is to Help Others
  • 49-Day Prayer Service for Late Ngari Rinpoche Held in Dharamshala
  • 9th Non-Sectarian Seminar on Great Canonical Texts Begins at Pal Shenten Menri Ling
  • Tibetan Advocacy Group Condemns Nepal International Film Festival for Screening ‘Xizang Panorama’ China-Backed Propaganda Films on Tibet
  • 31st GCMGC Football Tournament Kicks Off in Kollegal Dhondenling
  • New York Hosts First North American Tibetan Weekend Schools Art and Literary Competition Honoring Dalai Lama’s 90th Birthday

ཪེས་གཟའ་ཟླ་བ། ༢༠༢༦།༠༤།༠༦

  • འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།
  • བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
  • གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།
  • བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
  • བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་དབར་གྱི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ ཚེས ༥ ཉིན་བོད་ཀྱི་ཁུར་འཛིང་པ་གྲགས་ཅན་པདྨ་མ་རྡོ་རྗེ་ལགས་ཀྱིས་ WMC ཁུར་འཛིང་པ་གྲགས་ཅན་ DANIAL WILLIAMS དང་འགྲན་སྡུར་བྱས་རྗེས་ཁོང་ལ་ཕམ་ཁ་བྱུང་ཡོན་ནའང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཁོང་ལ་བསྟོད་བསྔགས་ཆེན་པོ་གནང་བཞིན་ཡོད།

བོད་ཀྱི་ཁུར་འཛིང་པ་གྲགས་ཅན་པདྨ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༩ ལོར་བོད་ཨ་མདོ་རྔ་བ་ས་ཁུལ་དུ་སྐྱེས་ཤིང་།  ཁོང་གི་ཨ་ཕ་ཆུང་དུས་ནས་ཚེ་ལས་འདས་རྗེས་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་ནར་སོན་པ་ཞིག་དང་། ལོ་ན་བཅུར་སོན་རྗེས་པདྨ་རྡོ་རྗེ་ལགས་བོད་ཁུལ་དུ་སྐད་གྲགས་ཆེ་བའི་མགོན་པོ་དྲག་རྩལ་ཁང་གི་ནང་དུ་ཞུགས་ནས་ལོ་ན་བཅུ་དྲུག་ཐོག་འགྲན་སྡུར་གྱི་རྒྱལ་ཁ་ཐོག་མ་དེ་ཐོབ་ཡོད། དེ་ནས་རིམ་བཞིན MMA དང་ ONE ཁུར་སྟེགས་སུ་སླེབས་རྗེས་བོད་ཁམས་ཡོངས་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེན་པོ་ཆགས་ཡོད།

ཁོང་ལ་དགའ་མོས་གནང་མཁན་གྱི་མི་ཁྲི་སྟོང་མང་པོ་ཡོད་པ་དང་ཁོ་ཚོས་པདྨ་རྡོ་རྗེ་ལ་ “ཁུར་འཛིང་རྒྱལ་སྲས” ཞེས་འབོད་བཞིན་ཡོད། ཉེ་ཆར་ཁུར་འཛིང་པ་གྲགས་ཅན་པདྨ་རྡོ་རྗེ་ལགས་ཀྱིས “གསེར་གྱི་སྐེད་རེགས” ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་གནང་བར་མི་མང་པོས་དགའ་ཞེན་ཆེན་པོ་གནང་ཡོད།

Pema Dorjee MMA

ད་ཐེངས་ཁོང་ཁུར་འཛིང་འགྲན་སྡུར་ཁྲོད་དུ་ཕམ་ཁ་བྱུང་ཡོད་ནའང་དྲྭ་ལམ་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་གནང་མཁན་བོད་མི་ཚོས་ཁོང་ཁུར་སྟེགས་ཐོག་ཏུ་འགྲོ་སྐབས་ལུས་ལ་བོད་ཆས་དང་། སྐེ་ལ་མཚོན་སྲུང་བཏགས་ནས་བོད་ཀྱི་ཁྱད་ཆོས་མཚོན་པའི་རྣམ་པ་དེ་ལ་དགའ་ཞེན་དང་རྒྱབ་སྐྱོར་ཚད་མཐོན་པོ་གནང་ཡོད། དེ་སྔོན་ཕྱི་ཟླ་ ༩ ཚེས་ ༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཞིས་ཀྱི་ཁུར་འཛིང་གར་སྟེགས་ཆེན་མོ་ JCK ཐོག་ཏུ་བོད་མི་ཁུར་འཛིང་བ་གྲགས་ཅན་ཚེ་དབང་དང་། ཡུ་གུར་གྱི་ཁུར་འཛིང་བ་གྲགས་ཅན་ན་ཨར་ཐེ་གཉིས་ཀྱི་རྒྱ་སྒོར་ཁྲི་བརྒྱའི་བྱ་དགའ་ཡོད་པའི་འགྲན་སྡུར་ཆེན་པོ་མཇུག་སྒྲིལ་རྗེས་ཚེ་དབང་གིས “ང་ཚོ་ཚང་མ་ཀྲུང་ཧ་མི་རིགས་ཡིན” ཅེས་སྟེགས་བུའི་ཐོག་ནས་ཁྲོམ་བསྒྲགས་བྱས་པ་དང་། བོད་སྐད་ཚིག་གཅིག་ཀྱང་མ་བཤད་པར་བརྟེན། བོད་ཁུལ་གྱི་དྲྭ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱས་ཡོད་པ་དང་། བོད་མི་མང་པོས་ཀྲུང་ཧྭ་ཚེ་དབང་དང་། རྒྱ་ཚེ་དབང་། བོད་ལྕེ་བོར་བའི་ཚེ་དབང་སོགས་སྐད་ཆ་བཤད་སྟངས་འདྲ་མིན་གྱི་སྒོ་ནས་མི་དགའ་བའི་ཉམས་གྱུར་ཤུགས་ཆེན་བསྟན་ཡོད།

Pema Dorjee MMA

ད་ཐེངས་བོད་ཀྱི་ཁུར་འཛིང་རྒྱལ་སྲས་པདྨ་མ་རྡེ་རྗེ་ཕམ་ཁ་བྱུང་ཡོད་ནའང་བོད་མི་ཚོའི་སེམས་ནང་དུ་སྔར་ལས་ལྷག་པའི་བརྩེ་གདུང་དང་། རེ་བ་ཆེ་རུ་ཕྱིན་ཡོད། འགྲན་སྡུར་མ་བྱས་པའི་ཉིན་ཤས་སྔོན་ཁུར་འཛིང་པ་གྲགས་ཅན་པདྨ་རྡོ་རྗེ་ལགས་ཀྱིས་ཐད་གཏོང་ལམ་ནས་གསུང་དོན་ “དེང་སང་ང་ལ་དགའ་མཁན་དང་། མི་དགའ་མཁན་མང་པོ་ཡོད་ནའང་གཙོ་བོ་བོད་རང་གི་ཕ་སྐད་དང་། སྐད་ཡིག་མི་བརྗེད་རྒྱུ་གལ་ཆེ། ལོ་ཆེ་ཆུང་སུ་འདྲ་ཡིན་ནའང་རང་གི་ཕ་སྐད་དང་སྐད་ཡིག་བརྗེད་སོང་ན་ངོ་ཚ་ཡིན།” དེ་ལྟར་བཤད་རྗེས་བོད་མི་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

Pema Dorjee MMA

འབྲེལ་ཡོད་གསར་གནས།

གསར་གནས།