རྒྱ་གར་གཞུང་གིས་པཱ་ལི་གཙོས་སྐད་རིགས་ཁག་གཅིག་ལ་གནའ་བོའི་སྐད་ཡིག་གི་གནས་བབ་སྤྲད་རྒྱུར་མོས་མཐུན་གནང་བ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་སྣེ་ཁྲིད་པའི་བློན་ཆེན་ལྷན་ཁང་གིས་པཱ་ལི་གཙོས་ Prakrit དང་ Assamese, Bengali བཅས་ལ་གནའ་བོའི་སྐད་ཡིག་གི་གནས་བབས་སྤྲད་རྒྱུར་མོས་མཐུན་གནང་བ་དང་སྦྲགས། སྐད་ཡིག་དེ་དག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཤུལ་བཞག་ཟབ་མོ་རྣམས་སྲུང་སྐྱོབ་གནང་པ་དང་སྤྱི་ཚོགས་རེ་རེའི་ལོ་རྒྱུས་དང་རིག་གཞུང་གི་གལ་ཆེའི་བྱུང་བ་གཙོ་བོ་རྣམས་མཚོན་གྱི་ཡོད་པ་གསུངས་འདུག

Pali Script Recognized as Classical

དེ་ཡང་རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་སྣེ་ཁྲིད་པའི་བློན་ཆེན་ལྷན་ཚོགས་ཀྱིས་ཟླ་བ་འདིའི་ཚེས་ ༣ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༡༠ པའི་ཚེས་ ༡༢ ཉིན་སྐད་རིགས་ཀྱི་སྡེ་ཚན་གསར་པ་ཞིག་གཏན་འབེབས་བྱས་ཏེ་དེར་གནའ་བོའི་སྐད་རིགས་ཞེས་མིང་བཏགས་ནས་ཏ་མིལ་གནའ་བོའི་སྐད་རིགས་ཡིན་པར་གསལ་བསྒྲགས་གནང་བ་དང་ཆབས་ཅིག་གནའ་བོའི་སྐད་ཡིག་གི་གནས་བབ་གྲུབ་པར་ཚད་གཞི་ཁག་ཅིག་གཏན་འབེབས་གནང་ཡོད་ཀྱང་ལོ་དེའི་ཕྱི་ཟླ་བཅིུག་ནང་རིག་གནས་ལྷན་ཁང་གིས་སྐད་རིགས་མཁས་པའི་ཚོགས་པ་ཞིག་རྩ་འཛུགས་གནང་སྟེ་སྐད་ཡིག་དེ་དག་གནའ་བོའི་སྐད་རིགས་ཀྱི་གནས་བབ་ལ་ངོས་འཛིན་གནང་མིན་ཐད་ཞིབ་འཇུག་གིས་ཕྱི་ལོ་ ༢༠༠༥ ལོར་ལེགས་སྦྱར་གྱི་སྐད་ཡིག་དེ་གནའ་བོའི་སྐད་ཡིག་གི་གནས་བབ་ལ་ཡོངས་བསྒྲགས་གནང་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་དེ་རྗེས་ཀན་ན་ཌ་དང་། མ་ལ་ཡ་ལམ། ཨོ་ཌི་ཡ། Telugu བཅས་ཀྱི་སྐད་རིགས་རྣམས་ལ་གནའ་བོའི་སྐད་ཡིག་གི་གནས་བབས་སྤྲད་ཡོད་འདུག དེའི་བར་བི་ཧཱར་དང་། ཨ་སམ། བེང་གྷལ་ནས་པཱ་ལི་དང་། པྲཱ་ཀྲི་ཏི། ཨ་ས་མི་སེ། བེང་གྷ་ལི་བཅས་ལ་གནའ་བོའི་སྐད་ཀྱི་གནས་བབས་སྤྲད་རྒྱུའི་གྲོས་འཆར་ཞིག་ཕུལ་བ་ལྟར། Sahitya སློབ་གཉེར་ཁང་གི་སྐད་རིགས་མཁས་པའི་ཚོགས་ཆུང་གིས་འདི་ལོ་ཟླ་ ༧ ཚེས་ ༢༥ ཉིན་ལྷན་ཚོགས་ཤིག་བསྐོངས་ཏེ་ཚང་མས་མོས་མཐུན་ཐོག་ནས་གནའ་བོའི་སྐད་རིགས་ཁོངས་སུ་བརྩི་པའི་ཆ་རྐྱེན་ཁག་ལ་བསྐྱར་བཅོས་ཀྱིས་པཱ་ལི་གཙོས་གཞན་སྐད་ཡིག་བཞི་གནའ་བོའི་སྐད་ཡིག་གི་ཁོངས་སུ་བརྩི་བའི་ཆ་རྐྱེན་གསར་པ་ཁ་བསྐོང་ཐུབ་པའི་སྐོར་གྲོས་འགོ་བཏོན་ཡོད་འདུག

Pali Script Recognized as Classical

སྐད་རིགས་དེ་དག་གནའ་བོའི་སྐད་རིགས་སུ་ངོས་འཛིན་བྱས་ན་ཤེས་ཡོན་དང་ཞིབ་འཇུག་ཁྱབ་ཁོངས་གཉིས་ཀྱི་ནང་དུ་ལས་ཞུགས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་ཐུབ་ལ། སྐད་རིགས་དེ་དག་གི་གནའ་བོའི་ཡིག་རིགས་སྲུང་སྐྱོབ་དང་། ཡིག་ཚགས་སུ་འགོད་པ་དང་གྲངས་རིག་ཅན་བསྒྱུར་རྒྱུ་བཅས་ལ་བརྟེན་ནས་ ཡིག་ཚགས་བྱེད་པ་དང་། ཡིག་སྒྱུར། དཔར་སྐྲུན། དེ་བཞིན་བརྙན་འཕྲིན་བརྒྱུད་ལམ་བཅས་ཀྱི་ནང་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ཡིན་པ་བཀོད་འདུག

ད་རེས་རྒྱ་གར་གཞུང་གིས་གནའ་བོའི་སྐད་ཡིག་གི་གནས་བབ་སྤྲད་རྒྱུར་མོས་མཐུན་གནང་བའི་མངའ་སྡེ་གཙོ་བོ་རྣམས་ནི་ Maharashtra དང་ Bihar Uttar Pradesh, Madhya Pradesh དེ་བཞིན་ West Bengal དང་ Assam བཅས་ཡིན་པ་དང་རིག་གཞུང་དང་ཤེས་ཡོན་གྱི་ཤུགས་རྐྱེན་རྒྱ་ཆེར་སྤེལ་བ་དེས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་གསུངས་འདུག

Pali Script Recognized as Classical

དེའི་བར་ན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་དགེ་སློང་དགེ་འདུན་གྱི་ཚོགས་མི་ཚོས་སྲིད་བློན་ཉིད་ལ་མཇལ་འཕྲད་གནང་སྟེ་རྒྱ་གར་གྱི་བཀའ་བློན་ལྷན་ཁང་ནས་པཱ་ལི་དང་ Marathi གཉིས་ལ་གནའ་བོའི་སྐད་ཡིག་གནས་བབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དེས་ནང་ཆོས་དང་པཱ་ལིའི་སྐད་ཡིག་དབར་གྱི་འབྲེལ་བ་དམ་པོ་དེ་དྲན་གསོ་བཏང་བར་མ་ཟད། མ་འོངས་པར་གཞོན་སྐྱེས་ཇེ་མང་ནས་ཇེ་མང་གིས་པཱ་ལིའི་སྐད་ཡིག་གི་ཤེས་ཚད་མཐོ་རུ་གཏང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

དེ་བཞིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཀྱང་རྒྱ་གར་གཞུང་གིས་པཱ་ལི་ནི་རྒྱ་གར་གྱི་གནའ་བོའི་སྐད་ཡིག་ཅིག་ཡིན་པའི་ངོས་འཛིན་གནང་པ་དེར་དགའ་ཚོར་ཆེན་པོས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་དང་། ལོ་རྒྱུས་རང་བཞིན་ལྡན་པའི་གོམ་སྟབས་འདིས་རྒྱ་གར་གྱི་རིག་གཞུང་ཤུལ་བཞག་ལ་གུས་བཀུར་དང་ངོས་འཛིན་གནང་པ་མ་ཟད། མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་ནང་པའི་གསུང་རབ་ཀྱི་ཤེས་རབ་རྒྱུན་འཛིན་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་ཅེས་གསུངས་ཏེ་རྟེན་འབྲེལ་ཞུ་རྒྱུ་དང་། ཉིན་འདི་བྱུང་དུ་འཇུག་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་འདུག

Pali Script Recognized as Classical

འབྲེལ་ཡོད་གསར་གནས།

གསར་གནས།