Tibetan Royal Year of 2151 | Year of the Wood Dragon

པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་རྒྱང་སྐྱོད་བང་འགྲན་དབུ་འཛུགས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

 རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གིས་རིམས་ནད་དེར་སྟངས་འཛིན་ལེགས་པོ་བྱས་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས།  རྒྱལ་སྤྱིའི་ཁྲོད་དུ་ཡོད་པའི་བོད་མིའི་ཚོགས་སྒེར་ཁག་གིས་རྒྱ་གཞུང་གི་བྱེད་ཕྱོགས་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་དང་གནང་མུས་ཡིན་པ་ལྟར། ཉེ་ལམ་ཁེ་ན་ཌར་གནས་བཞུགས་པདྨ་ཀུན་དགའ་ལགས་ཀྱིས་རྒྱང་ཐག་སྤྱི་ལེ་ ༤༠༠ ལྷག་ཡོད་པའི་ཁེ་ན་ཌ་རྒྱལ་ས་ Ottawa ནས་གྲོང་ཁྱེར་ཊོ་རོན་ཊོ་དབར་Marathon for Tibet ཞེས་བོད་དོན་ཆེད་རྒྱང་སྐྱོད་བང་འགྲན་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། 

རྒྱང་སྐྱོད་བང་འགྲན་གྱི་ལས་འགུལ་དེ་པདྨ་ཀུན་དགའ་ལགས་ཀྱིས་ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ ཚེས་ ༢ གནང་རྒྱུ་ཡིན་པ་དང་ཁ་སང་ཉིན་རྒྱབ་ཕྱག་ཚོད་དང་པོ་ཡོལ་ཙམ་ལ་ཨོ་ཊ་ཝའི་གྲོས་ཚོགས་ཚོགས་ཁང་མདུན་ཐང་དུ་ཁུལ་དེར་བཞུགས་པའི་བོད་མི་རྣམས་འདུ་འཛོམས་ཐོག་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ལས་འགུལ་དེ་བརྒྱུད་ནས་རྒྱལ་སྤྱི་ནས་བོད་རྒྱ་འབྲེལ་མོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ།  དེ་བཞིན་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཀྱི་དགོས་འདུན་གསུམ་ངོ་སྤྲོད་གནང་ཡོད།

རླུང་འཕྲིན་ཁང་གིས་པདྨ་ཀུན་དགའ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཐེངས་འདིའི་ལས་འགུལ་སྤེལ་བའི་དགོས་དམིགས་ལྟར་ལེགས་འགྲུབ་ཡོང་བའི་ཐུགས་རེ་ཡོད་པ་དང་། ལྷག་དོན་བོད་མི་ཡོད་དོ་ཅོག་གིས་ད་ལྟའི་གོ་སྐབས་དམ་འཛིན་གྱིས་བོད་སྤྱིའི་རྩ་དོན་སླད་འབད་བརྩོན་གནང་དགོས་གལ་ཡིན་པར་གསུངས་ཡོད།

ཁོང་གིས་ད་དུང་ཁོང་རང་ཉིད་རྒྱ་གར་དུ་བཞུགས་སྐབས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་འདོད་ཡོད་ཀྱང་དེ་ལྟར་གནང་མ་ཐུབ་པ་དང་། ལྷག་པར་ཕྱི་ལོ་ ༢༠༡༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁེ་ན་ཌར་འབྱོར་བར་བརྟེན་དེ་སྔ་གནང་བློ་ཡོད་པ་ལྟར་གནང་བ་ཡིན་སྐོར་གསུངས་སོང་།

གཞི་རྩའི་པདྨ་ཀུན་དགའ་ལགས་ཀྱི་ལས་འགུལ་དེར་ཨོ་ཊ་ཝའི་བོད་རིགས་ཚོགས་པ་གཙོས་ཚོགས་པ་ཁག་ཅིག་ནས་རྒྱབ་སྐྱོར་གནང་གི་འདུག་པ་མ་ཟད། ཁོང་གིས་ལས་འགུལ་འདིའི་ཆེད་དུ་འདས་པའི་ཉིན་ཤས་ནས་སྐབས་རེ་སྤྱི་ལེ་ ༡༠ དང་། ༢༠ དེ་བཞིན་ ༣༠ དང་ ༤༠ བཅས་སོ་སོར་སྦྱོང་བརྡར་གནང་འདུག  ལས་འགུལ་འདིའི་ཆེད་དུ་ Change.org དྲ་ཐོག་བརྒྱུད་ཁེ་ན་ཌ་གཞུང་ལ་དགོས་འདུན་གསུམ་ཆེད་འདོན་ཐོག་ད་བར་མི་གྲངས་ ༢༠༠ ལྷག་གིས་སྙན་ཞུ་དེར་མཚན་རྟགས་བསྐྱོན་འདུག

དེའི་བར་ན་དབྱིན་ཡུལ་རྒྱལ་ས་ལོན་ཌན་དུ་རྟེན་གཞི་བྱས་པའི་ Free Tibet ཚོགས་པས་ཟླ་ ༨ ཚེས་ ༢༤ ནས་ཨ་རི་གྲོང་ཁྱེར་ནིའུ་ཡོག་གི་ Times Square དང་ལོན་ཌན་གྱི་མང་ཚོགས་འདུ་འཛོམས་ཆེ་ཤོས་གནང་ཡུལ་དུ་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་རྒྱ་ནག་གི་ཉེན་རྟོག་པས་བཙན་དབང་གིས་བོད་མི་འཛིན་བཟུང་བྱས་པ་དང་། ལྷག་པར་དུ་བོད་ནང་གི་བོད་མིར་ངོ་རྒོལ་གནང་རྒྱུ་དང་ཐ་ན་བསམ་བརྗོད་རང་དབང་མེད་པ་སོགས་ཀྱི་འདྲ་པར་བཤམས་སྟོན་གནང་མུས་རེད་འདུག 

ལས་འགུལ་དེ་ཟླ་ ༩ ཚེས་ ༦ བར་སྤེལ་རྒྱུ་ཡིན་པ་དང་ Free Tibet ཚོགས་པའི་དྲིལ་བསྒྲགས་འགན་འཛིན་ John Jones ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ནི་ངོས་ལེན་གནང་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་གནད་དོན་དེའི་ཐོག་ཡུན་རིང་པོར་ཁུ་སིམ་མེར་བཞུགས་ཡོད་སྟབས་ད་ཆ་རྒྱལ་སྤྱིའི་རྒྱལ་ཁབ་དང་མང་ཚོགས་རྣམས་ནས་བོད་དོན་གླེང་སློང་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག 

འབྲེལ་ཡོད་གསར་གནས།

གསར་གནས།