Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡོ་རོབ་ཏུ་སྐོར་སྐྱོད་ལ་འགྲོ་སྐབས་ཚོགས་སྐྱིད་ཁག་གི་ངོ་རྒོལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

             

འདི་ལོ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་བ་མ་ཟད།  མི་སེར་མང་པོ་འདས་གྲོངས་སུ་ཕྱིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་རྒྱ་ནག་ལ་སྡང་སྡུག་ཆེན་པོ་གནང་གི་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཡོ་རོབ་ཁུལ་དུ་སྐོར་སྐྱོར་ལ་འགྲོ་རྒྱའི་ལས་གཞི་ཞིག་སྒྲིག་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ནག་གི་སྣང་བརྙན་བསྐྱར་སྐྲུན་བྱེད་ཐབས་འ་འབད་བརྩོན་བྱེད་ཀྱི་ཡོད་པའིི་གནས་ཚུལ་ཐོན་འདུག 

དེ་ཡང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཀྱིས་ཟླ་འདིའི་ཚེས་ ༢༥ ནས་ཟླ་བ་ ༩་ཕའི་ཚེས་ ༡ ཀྱི་བར་ཡོ་རོབ་ཀྱི་རྒྱལ་ཁབ།   Italyདང་, Netherlands, ནོར་ཝེ་དང་ཧྥ་རིན་སི།  དེ་བཞིན་འཇར་མན་བཅས་རྒྱལ་ཁབ་ལྔ་ལ་སྐོར་སྐྱོད་བྱེད་འཆར་ཡོད་པ་ལྟར།   ཁོ་ཁ་སངཚེས་༢༦ ཉིན་ Netherlands རྒྱལ་ཁབ་ཏུ་འགྲོ་སྐབས།   ཡུལ་དེའི་གྲོས་ཚོགས་ནང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་སྤྱི་བསྒྲགས་ཤིག་སྤེལ་ཏེ།  རྒྱ་ནག་གིས་བོད་ནང་དུ་བོད་མི་ཡོངས་རྫོགས་ཐོག་ permanent lockdown འམ་གཏན་དུ་འགྲོ་བསྐྱོད་བཀག་འགོག་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་ག་ལེར་རྩ་གཏོང་གི་ཡོད་པ་ཡོངས་གྲགས་གནང་བ་དང་། རྒྱ་ནག་གིས་ད་ཆ་ཡུ་གུར་ཁ་ཆེ་མི་རིགས་དང་། ཡི་ཤུ་བ་དང་ཆོས་ལུགས་གཞན་གྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་རྣམས་ལ་སྡང་འཛིན་དྲག་པོ་བྱེད་བཞིན་ཡོད་སྟབས།  Netherlands རྒྱལ་ཁབ་ཀྱིས་རྒྱ་ནག་དང་ལྷན་དུ་རྒྱུན་ལྡན་གྱི་ཚོང་འབྲེལ་བྱེད་ཐབས་མེད་པར་འགྲེལ་བརྗོད་གནང་འདུག

དེ་བཞིན་ཚོགས་ཆུང་དེའི་ངོས་ནས་རྒྱ་ནག་གིས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་སྐྱེ་སྒོ་འགོག་བཞིན་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་ལུགས་ལུང་འདྲེན་གྱིས། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་ཉེས་འཛུགས་བྱེད་བཞིན་པའི་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབ་ཆེན་གཏོང་བཞིན་པའི་གནད་དོན་དང་། མི་མང་བཀག་སྐྱིལ་གྱིས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་ཡོད་པའི་ཐད་ནས་ལན་འདེབས་གང་ཡང་བྱས་མེད་པར་ཡོངས་གྲགས་དང་སྦྲགས། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་རུ་ཁག་ཤིན་ཅང་གི་ཁུལ་དུ་འགྲོ་རྒྱུར་བཀག་འགོག་བྱས་མི་ཆོག་ཅེས་བསྒྲགས་གཏམ་སྤེལ་འདུག

གཞན་ཡང་ཚོགས་ཆུང་གིས།  རྒྱ་ནག་གིས་འདི་ལོར་དབྱིན་ཡུལ་དང་ཧོང་གི་མཉམ་འབྲེལ་གྱི་རྩ་འཛིན་བསྒྲགས་གཏམ་ལ་སྣང་མེད་ཀྱིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་གྱིས། ཁུལ་དེའི་ཆབ་སྲིད་ཀྱི་ལས་འགུལ་རྣམས་ཁྲིམས་ལ་སྦྱོར་བཞིན་པ་མ་ཟད། མི་མང་སྤྱི་ཡོངས་ཀྱི་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་ལུགས་སོགས་ལུང་འདྲེན་དང་སྦྲགས།  རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ལ་ངན་སྐུལ་གྱིས་ཐེ་ཝན་གྱི་སྐུ་ཚབ་ཕྱིར་འཐེན་བྱེད་དུ་བཅུག་པ་སོགས་སྤྱི་ཡོངས་ཀྱི་རྒྱ་ནག་གི་བྱེད་བབ་ལ་སྐྱོན་བརྗོད་དྲག་པོ་གནང་འདུག

རྩ་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Netherlands དུ་མ་འབྱོར་གོང་ཟླ་འདིའི་ཚེས་ ༢༥ ཉིན་ Italy འི་རྒྱལ་ས་Rome ནང་དུ་བསྐྱོད་ཡོད་པ་དང་།  སྐབས་དེར་བོད་མི་དང་ཧོང་ཀོང་གི་ལས་འགུལ་བ་རྣམས་ཁུལ་དེའི་རྒྱལ་སའི་Farnesina Square དུ་མཉམ་འཛོམས་ཀྱིས། རྒྱ་ནག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དང་། ཧོང་ཀོང་གི་ནང་དུ་བཙན་དབང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་གནད་དོན་གཞི་ལ་བཞག་སྟེ་ཝང་ཡིས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

ཕྱི་སྲིད་བློན་ཆེན་ཝང་ཡི་ཁུལ་དེར་བསྐྱོད་པ་དང་བསྟུན།ཉེ་སྔོན་བཙན་བྱོལ་ལ་ཕེབས་པའི་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི། སྐུ་ཞབས་ Nathan Law Italy གྲོས་ཚོགས་གོང་མིའི་འཐུས་མི་རྣམས་ཀྱིས་གདན་ཞུས་ཀྱིས།  ཁུལ་དེའི་ཕྱི་སྲིད་བློན་ཆེན་ལ་མཇལ་འཕྲད་བྱེད་དུ་བཅུག་ཡོད་པ་རེད །  སྐབས་དེར་ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གིས་གང་སར་སིམ་འཛུལ་བྱེད་བཞིན་པ་དང་རྒྱལ་ཁུངས་རྒྱ་བསྐྱེད་ཀྱི་རང་བཞིན་སོགས་ཤེས་རྟོག་བྱེད་དགོས་བ་དང་།  སྔར་ལོ་ནང་། ཁོང་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་མི་མང་བཀག་སྐྱིལ་དང་བོད་ནང་དུ་རིག་གཞུང་བཙན་འཛུལ། དེ་བཞིན་ཐེ་ཝན་གྱི་ནང་དུ་དམག་མིའི་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་པ་དངོས་སུ་མིག་གིས་མཐོང་ཡོད་ལུགས་ངོ་སྤྲོད་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་རྒྱ་ནག་ལ་ནམ་ཐུག་གི་སྐབས་སུ། རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་ཐད་ནས་གླེང་མོལ་བྱེད་དགོས་བའི་འབོད་སྐུལ་བྱས་འདུག

གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཀྱི་ཕྱིར་སྐྱོད་སྐབས་སུ་ཉིན་གྲངས་བརྒྱད་ཀྱི་ནང་དུ་ཡོ་རོབ་ཀྱི་རྒྱལ་ཁབ་ལྔ་ལ་བསྐྱོད་རྒྱུའི་གནས་ཚུལ་ཐོན་ཡོད་ནའང་།  ཕྱི་ཕྱོགས་སུ་མི་མང་གི་ངོ་རྒོལ་རིགས་གཡོལ་ཐབས་སུ་ཁོའི་ཕྱིར་སྐྱོད་ཀྱི་ཐུག་འཕྲད་ཀྱི་དུས་ཆད་སོགས་ཡོངས་གྲགས་ཀྱིས་གསར་ལམ་དུ་བསྒྲགས་མེད་པ་རེད་འདུག ལས་རིམ་ལྟར་ན་ཁོང་གིས་Netherlands ནང་གི་ཕྱོགས་བསྐྱོད་གྲུབ་མཚམས་སུ་དེ་རིང་ནོར་ཝེ་རྒྱལ་ས་ Oslo རུ་བསྐྱོད་འཆར་ཡོད་པ་དང་། བོད་མི་གཙོས་པའི་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཀྱང་དེ་རིང་ཁོང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།