Tibetan Royal Year of 2151 | Year of the Wood Dragon

ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་འཛུགས་སྐྲུན་དང་འབྲེལ་བའི་རྒྱ་ནག་གི་ཚོང་ལས་ཁང་ཉེར་བཞིར་སྲིད་དོན་གྱི་ཉེས་ཆད་བཀལ་བ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ Trump མཆོག་གི་སྲིད་གཞུང་གི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་རྒྱ་ནག་ལ་དམག་དང་འབྲེལ་བའི་འཛུགས་སྐྲུན་ལ་ཞོགས་འདེགས་བྱེད་མཁན་རྒྱ་ནག་གི་ཚོང་ལས་ཁང་ ༢༤ ལ་ཨ་རིའི་ཁྲོམ་ར་དང་འབྲེལ་ཐག་གཙང་བཅད་གནང་རྒྱུར་ཡོངས་གྲགས་གནང་འདུག

ཨ་རི་དང་རྒྱ་ནག་དབར་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་ནས་དངོས་སུ་གདོང་ཐུག་གི་ངལ་བ་དུ་མ་འཕྲད་མུས་ཀྱི་དུས་སྐབས་འདིར་ཨ་རིའི་ངོས་ནས་དེ་སྔོན་ཡུལ་དེའི་རྒྱལ་སྲུང་བདེ་འཇགས་དང་ལྷག་པར་ཤིན་ཅང་ནང་གི་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གིས་གཉེར་བའི་འཕྲུལ་ལས་ཚོང་གཉེར་ཁང་མང་དག་ཅིག་སྒོ་བརྒྱབ་པའི་གནས་སྟངས་བྱུང་ཡོད་ཀྱང་། ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་ཧམ་འཛུལ་བྱས་པའི་གནད་དོན་དང་འབྲེལ་རྒྱ་ནག་གི་ཚོང་ལས་ཁང་དེ་དག་དང་ཨ་རིའི་ཁྲོམ་ར་དབར་འབྲེལ་ཐག་བཅད་པ་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་བའི་གནད་དོན་ཐད་རྒྱ་གཞུང་ལ་སྲིད་དོན་ཉེས་ཆད་བཀལ་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

New York Times གསར་ཤོག་གིས་གནས་ཚུལ་སྤེལ་བར་ཚོང་ལས་ཁང་ ༢༤ དེ་དག་གི་ཁོངས་སུ་རྒྱ་ནག་གི་གྲགས་ཆེ་བའི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁྲོད་འཛུགས་སྐྲུན་ཆེ་ཁག་གི་ལས་དོན་གཉེར་མཁན་ China Communications Construction Company ཞེས་པའི་ཚོང་ལས་ཁང་གི་ཚན་པ་ཁ་ཤས་ཡོད་པ་དང་། China Shipbuilding Group དང་། Beijing Huanjia Telecommunication Company སོགས་ཀྱི་ཚོང་ལས་ཁང་ཆེ་གྲས་ཁག་ཅིག་མངོན་གསལ་གནང་ཡོད་པ་དང་། སྲིད་དོན་ཉེས་ཆད་དེའི་འོག་ཚོང་ལས་ཁང་དེ་དག་ནས་དམིགས་བསལ་བཀའ་འཁྲོལ་ཡོད་པ་མ་གཏོགས་ཐ་ན་ཨ་རིའི་ཁྲོམ་ར་ནས་སོ་འཁྲུད་ཡན་ཆད་ཉོ་ཚོང་གནང་མི་ཆོག་པ་བཟོས་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Pompeo མཆོག་གིས་གནད་དོན་དེ་དང་འབྲེལ་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བར་རྒྱ་ནག་གཞུང་ནས་རང་ཉིད་ཀྱི་རྒྱ་སྐྱེད་རིང་ལུགས་ཀྱི་དམིགས་ཡུལ་མངོན་ཕྱིར་ཚོང་ལས་ཁང་དེ་དག་ལག་ཆ་ལྟ་བུར་རྩ་བ་ནས་སྤྱོད་འཇུག་ཐབས་མེད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་དམག་དོན་དེ་དག་མཚམས་འཇོག་མ་གནང་བར་ཨ་རིའི་ངོས་ནས་ལས་དོན་དེ་ལྟར་མུ་མཐུད་ཕྱག་བསྟར་གནང་རྒྱུ་ཡིན་པར་གསུངས་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ཏེ་ས་ཁུལ་དེར་རྒྱ་ནག་གི་དམག་དང་འཛུགས་སྐྲུན་གྱི་ལས་དོན་གཉེར་མཁན་གང་ཟག་དང་དེ་དག་གི་ནང་མི་ཚོ་ལའང་ཨ་རིར་ཡོང་རྒྱུའི་མཐོང་མཆན་སོགས་ལ་དམ་དྲག་གནང་ངེས་ཡིན་པར་གསུངས་པ་དང་ཆབས་ཅིག ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་དེ་འབྲེལ་ལས་གཞི་སྤེལ་མཁན་རྒྱ་ནག་གྱི་མི་སེར་སུ་ཡིན་མིང་མངོན་གསལ་གནང་མེད་ཀྱང་། ཁྱོན་རྒྱ་རིགས་མི་སེར་ ༡༢ ཙམ་ཡོད་པར་གསུངས་འདུག

དེའི་བར་ན་ཁ་ཉིན་ཚེས་ ༢༥ ཉིན་ཨ་རིའི་ཝ་ཤིན་ཊོང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ THE HILL གསར་ཁང་གིས་རེས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་འཛིན་སྐྱོང་གི་གནད་ཡོད་དཔོན་རིགས་གཉིས་ཀྱིས་སྲིད་འཛིན་སྐུ་ཞབས་ Trump མཆོག་གི་སྲིད་གཞུང་གིས་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་རྩ་བརླག་གཏོང་བཞིན་པའི་ཐ་སྙད་ Genocide ཞེས་པ་དེ་དངོས་སུ་སྤྱོད་རྒྱུར་དགོངས་བཞེས་གནང་བཞིན་ཡོད་པ་དང་། དེའང་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་། རྒྱལ་ཡོངས་བདེ་འཇགས་ལྷན་ཁང། དེ་བཞིན་ནང་སྲིད་ལས་ཁུངས་བཅས་ཀྱི་དབར་གནད་དོན་དེའི་ཐོག་བཀའ་བསྡུར་གནང་མུས་ཡིན་པ་ར་འཕྲོད་གནང་ཡོད་པ་རེད། ཨ་རི་གཞུང་གི་ངོས་ནས་རྒྱ་གཞུང་གིས་ཤིན་ཅང་ནང་ Genocide འམ་མི་རིགས་རྩ་གཏོར་གྱི་ལས་དོན་གཉེར་བཞིན་པར་གཞུང་འབྲེལ་གྱི་འགྲེལ་བརྗོད་གནང་ཚེ་དེས་ཨ་རྒྱ་གཉིས་དབར་འབྲེལ་ལམ་ལ་དོ་ཕོག་ངེས་ཅན་ཞིག་འགྲོ་རྒྱུ་ཡིན་པར་གསུངས་འདུག

རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་ཁ་སང་ཨ་རིའི་ ༢༠༢༠ ལོའི་འོས་བསྡུ་ཆེན་མོ་དང་བསྟུན་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཚོགས་པའི་ཐོག་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང༌རྩོད་ལེན་པ་སྐུ་ཞབས་ Chen Guangcheng ལགས་གདན་ཞུ་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིར་ད་ལྟ་ལས་ཐོག་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་པ་དང་། སྐུ་ཞབས་ཊམ་མཆོག་གིས་འདས་པའི་སྲིད་འཛིན་གྱི་ལས་ཡུན་རིང་ལ་རྒྱ་དམག་ཤོག་ཚོགས་པར་ཁ་གཏད་ནན་པོ་བཅག་ཡོད་སྐོར་གསུངས་འདུག ལྷག་དོན་ཁོང་གིས་ཨ་རིའི་རང་དབང་དང་མང་གཙོ། ཁྲིམས་ལུགས་དབང་འཛིན་བཅས་ལ་གུས་བརྩི་ཞུས་ནས་ཆབ་སྲིད་ཚོགས་པ་གཉིས་པོས་རྒྱ་ནག་གི་བཙན་རྒོལ་ལ་གདོང་ལེན་གནང་དགོས་པའི་གཞེན་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།