Tibetan Royal Year of 2151 | Year of the Wood Dragon

པདྨ་འབྱུང་གནས་ལགས་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ།

Tibetan News Headlines

  • 6th permanent strategy committee meeting convene in Zurich
  • Association of Former Spanish Deputies and Senators to create Tibet friendship group
  • TikTok sues to block US law that could ban app
  • Martsang Kagyu UK religious centre receives 7th London award
  • Alalamo: Tibet music fountain festival at Nagano, Japan

རེས་གཟའ་མིག་དམར། ༢༠༢༤།༠༥།༡༤

  • གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིའི་ནང་འཚོག་བཞིན་པ།
  • Spain གྲོས་ཚོགས་འཐུས་མི་ཟུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ།
  • ཨ་རིའི་ནང་ཊིག་ཊོག་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དེ་ཁྲིམས་ལ་གཏུགས་འདུག
  • དབྱིན་ཇིའི་རྒྱལ་ཁབ་ཏུ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ལ་གཟེངས་རྟགས་དང་ཆེ་བསྟོད་གནང་བ།
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། བོད་གླུ་གར་གྱི་རྒྱ་མཚོ་ཞེས་པའི་རོལ་དབྱངས་དུས་སྟོན་གོ་སྒྲིག་པ་གཞས་པ་བསྟན་འཛིན་ཀུན་བཟང་ལགས་དང་ལྷན་དུ་གླེང་མོལ།

ཉེ་ཆར་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྣམས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་འོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམ་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་དང་བསྟན་འཛིན་ལུང་རྟོགས་མཆོག་བཅས་འཕོ་འགྱུར་གནང་བའི་དོན་གནད་དང་འབྲེལ་ནས་ཁ་སང་སྔ་དྲོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་སྒེར་གྱི་ངོ་དེབ་ཐོག་ཏུ་སྤྱི་ཚོགས་ལ་འགན་འཁུར་བའི་ཐོག་ནས་བཟང་སྤྱོད་ཀྱིས་ཚོགས་གཙོའི་ལས་གནས་དང་སྤྱི་འཐུས་བཅས་ནས་རྩ་དགོངས་ཞུས་ཟིན་སྐོར་གསུངས་འདུགགནད་དོན་དེ་དང་འབྲེལ་དེ་རིང་རླུང་འཕྲིན་ཁང་གིས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱི་ལས་ཤག་ཏུ་ཆེད་བཅར་གྱིས་བཅར་འདྲི་ཞུ་ཐབས་ཞུས་ཀྱང་ཁོང་གི་ངོས་ནས་བཀའ་ལན་གང་ཡང་གནང་མ་སོང་སྟབས། ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ་ཚོགས་གཙོ་མཆོག་གིས་དགོངས་ཞུ་གནང་བའི་གནད་དོན་དང་ལྷག་པར་དུ་ཚོགས་གཙོས་དབུས་པའི་སྤྱི་འཐུས་རིམ་པས་དགོངས་ཞུ་གནང་བ་དེས་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཕྱག་ལས་གནང་ལྷག་ཁག་ཇི་ལྟར་གནང་འཆར་ཡོད་དམ་ཞེས་བཅར་འདྲི་ཞུ་ཐབས་ཞུས་ཀྱང་ཁོང་གིས་གོ་སྐབས་གནང་མ་སོང་། གཞི་རྩའི་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་ཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་ཐོག་མང་ཚོགས་ནང་སེམས་ཚོར་ཆེན་པོས་གླེང་སློང་ཤུགས་ཆེ་གནང་བཞིན་ཡོད་སྟབས། རླུང་འཕྲིན་ཁང་གིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཡིན་པ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པ་ཞིག་གཟིགས་ཏེ་ཁ་སང་སྔ་དྲོ་ཆུ་ཚོད་༡༡ ཐོག་སྤྱི་འཐས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས་གྲོས་ཚོགས་ཀྱི་མདུན་ཐང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།མང་ཚོགས་ཁྲོད་ཚོགས་གཙོས་དབུས་པའི་སྤྱི་འཐུས་རྣམ་པ་ལས་གནས་ནས་དགོངས་ཞུ་གནང་བ་དེས་ཐེངས་འདིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་མིན་པ་དང་། དེས་མ་འོངས་པར་ཁྲིམས་ཞིབ་པ་བསྐོ་གཞག་གནང་རྒྱུ་གཙོས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་ལྷག་གནང་ཁག་གནང་རྒྱུར་ངལ་བ་འཕར་མ་ཞིག་ཆགས་ཀྱི་ཡོད་སྐོར་གསུང་མཁན་འདུག

དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ཁང་གཉིས་སོ་སོས་ཚོགས་གཙོས་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པར་ད་རེས་ཀྱི་དཀའ་རྙོག་དེ་སེལ་ཐབས་སུ་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་ཕྱིར་ཐེན་གནང་དགོས་པ་སོགས་ཀྱི་གཞེན་སྐུལ་གནང་འདུགདེ་བཞིན་ཁ་སང་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲིས་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་ཐོག་ལ་ཕུལ་བའི་ཞུ་ཡིག་ཞིག་ཏུ་གྲོས་ཚོགས་ནས་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་དངོས་དོན་དང་བྱ་རིམ་གང་ཐད་ནས་ལུགས་མཐུན་བྱུང་མེད་པ་མ་སོགས་འགྲེལ་བརྗོད་དང་སྦྲགས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དགོངས་སེལ་དང་སྦྲགས་ཁྲིམས་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་འཕྲལ་དུ་ཕྱིར་འཐེན་ནུས་མེད་གསལ་བསྒྲགས་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དགོངས་དོན་འོག་༸གོང་ས་མཆོག་ལ་ཛ་དྲགས་ཀྱི་ལམ་བསྟོན་ཞུ་རྒྱུ། ཡང་ན་བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་འོག་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་གནང་སྟེ་མི་མང་གི་དགོངས་འཆར་བསྡུ་ལེན་བཅས་གང་རུང་གནང་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།