དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་བཞི་པ་དེ་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོ་རྟོགས་ཀྱི་ཟླ་བར་སྲུང་བརྩི་ཞུ་རྒྱུ་དང་འབྲེལ། རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཁག་ཏུ་འབྲེལ་ཡོད་ཚོགས་སྡེ་ཁག་ནས་གློ་ནད་དང་མཆིན་པའི་གཉེན་ཚད་གཙོས་པའི་ནད་རིགས་འདྲ་མིན་ཐོག་སྔོན་འགོག་དང་གོ་རྟོགས་ཀྱི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཁ་སང་ཕྱི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་མི་ཚོས་འདི་ལོའི་ཕྱི་ཟླ་བཞི་པ་དེ་ནི་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོ་རྟོགས་ཀྱི་ཟླ་བར་སྲུང་བརྩི་ཞུ་དགོས་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
གསལབསྒྲགས་དེའི་ནང་འཁོད་དོན། རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གཙོས་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང། སྨན་རྩིས་ཁང། སློབ་གྲྭ་དང་དགོན་སྡེ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཛིན་རྣམས་ནས་འགན་ཁུར་ཆེ་བཞེས་ཀྱིས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་རྒྱུན་ལྡན་གྱི་ནད་གཞི་གློ་ནད་དང་མཆིན་པའི་གཉེན་ཚད། གཅིན་སྙི་ནད་གཞི། གཉེན་ནད་རེག་དུག ཕོ་བ་དང་མཆིན་པའི་འབྲས་ནད་རིགས་ཀྱི་ནད་གཞི་དེ་དག་ལ་གསར་གཏོད་ཀྱི་ཐབས་ལམ་ཐོག་ནས་སྔོན་འགོག་དང་གོ་རྟོགས་ཀྱི་ལས་གཞི་འདྲ་མིན་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུག ལྷག་པར་དུ་ནད་རིགས་སྔོན་འགོག་གི་ལས་གཞི་དེ་ཡང་ས་གནས་
སོ་སོའི་ནང་གི་ནད་རིགས་གྲངས་ཐོ་ལ་གཞིགས་ཏེ་སྤེལ་དགོས་པ་མ་ཟད། མི་མང་ཁྲོད་ལ་སྤྱི་ཚོགས་ནང་གི་རྒྱུན་ལྡན་ལྟ་བུའི་ཡོངས་གྲགས་ཀྱི་ནད་རིགས་དེ་དག་ལ་སྔོན་འགོག་བྱ་རྒྱུའི་བསམ་བློའི་གོ་རྟོགས་ནུས་པ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།
དེ་འབྲེལ་གནས་ཚུལ་གཞན་ཞིག་ཏུ་གཞིགས་ན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་གཉིས་ཀྱི་དབར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློད་ནད་དམ་ TB ནད་གཞི་སྔོན་འགོག་ལས་གཞི་ཆེད་ས་ཡ་ ༢༤ ལྷག་གི་གན་རྒྱ་བཞག་འདུག
ཐེངས་དེའི་གན་རྒྱའི་དུས་ཡུན་དེ་སྔ་ལོ་ཕྱི་ཟླ་ ༡༠ ནས་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༢ བར་ཆགས་ཀྱི་འདུག་པ་དང། ཕྱོགས་གཉིས་ཀྱི་གན་རྒྱ་དེའི་ནང་ལས་གཞི་གཙོ་བོ་ནི། བཙན་བྱོལ་བོད་མིའི་སྡོད་ཁག་ས་ཁུག་ཁག་གི་མང་ཚོགས་ཁྲོད་གློ་ནད་ཀྱི་ནད་གཞི་སྔོན་འགོག་དང་གོ་རྟོགས་སྤེལ་རྒྱུ། སྔོན་འགོག་གི་ལས་གཞི་ནུས་པ་ཇེ་ཆེར་གཏོང་རྒྱུ་དང། ལྷག་དོན་གློད་ནད་ཀྱི་ནད་གཞི་མང་བ་ཡོད་པའི་ས་གནས་ཁག་ ༡༥ འི་ནང་གི་དགོན་པ་དང། སློབ་གྲྭ། གཞིས་ཆགས་བཅས་ཀྱི་ས་གནས་ས་ཐོག་ཏུ་ཆེད་ལས་སྨན་པ་དང་སྨན་ཞབས། འབྲེལ་མཐུད་མི་སྣ་ཆེད་མངགས་བསྐོ་གཞག་ཐོག་སྔོན་འགོག་ལས་གཞི་རྒྱ་གང་ཆེ་སྤེལ་རྒྱུ་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་རྒྱུ་ཡིན་སྐོར་ཡོངས་གྲགས་གནང་འདུག
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོར་འདས་པའི་དུས་ཡུན་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་གཉིས་ནས་མང་ཚོགས་ཀྱི་འཕྲོད་བསྟེན་སྔོན་འགོག་དང། ཉམས་ཐག་ལྟ་སྐྱོང་ཐད་འཐུད་ཤོར་ཆེན་པོ་ཕྱིན་འདུག་ཅེས་བཀའ་སྩལ་ཟབ་མོ་ཕེབས་ཡོད་པ་རེད། དེ་བཞིན་ཉེ་ཆར་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མཐའ་མའི་སྐབས་ལའང་གནད་དོན་དེིའི་ཐད་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་འབྲེལ་ཡོད་འཕྲོད་བསྟེན་བཀའ་བློན་དང། འཛིན་སྐྱོང་བཀའ་ཤག་ལ་བཀའ་འདྲི་དང་གླེང་སློང་ཤུགས་ཆེ་གནང་ཡོད་པ་དང་། ལྷག་དོན་སྲིད་སྐྱོང་མཆོག་གིས་ཀྱང་འཕྲོད་བསྟེན་ལས་ཁུངས་གཙོས་པའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནད་དོན་དེ་གལ་ཆེ་ནང་གི་དོན་ཆེར་ངོས་བཞེས་ཀྱིས་མ་འོངས་པའི་ལོ་གསུམ་ནང་གྲུབ་འབྲས་ཐོན་པའི་ལས་གཞི་རྒྱ་ཆེ་སྤེལ་རྒྱུའི་འོག་གྲབས་གནང་བཞིན་ཡོད་ཅེས་གསུངས་ཡོད།
ཕྱི་ཟླ་བཞི་པ་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོ་རྟོགས་ཀྱི་ཟླ་བར་སྲུང་བརྩི་ཞུ་རྒྱུ་རེད་འདུག
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




