Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་ལ་ཕེབས་འབྱོར་གནང་སོང་།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

དེ་རིང་ཉིན་གུང་ཚུ་ཚོད ༡༢ .༣༠ ཡོལ་ཙམ་ལ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་བདུན་དང་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་གནང་སོང་།

US Delegation
Photo: Tibet.net

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམས་དེ་རིང་ཉིན་རྒྱབ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་བཞུགས་སྒར་གྷ་གྷལ་གནམ་ཐང་དུ་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་དང་དྷ་ས་ས་གནས་འགོ་འཛིན། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འབྲེལ་ཡོད་རྣམ་པས་གཙོས་པའི་བོད་མི་སེར་སྐྱ་མང་ཚོགས་སོགས་ནས་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཕེབས་བསུ་ཞུས་སོང་།

US Delegation
Photo: Tibet.net

སྐུ་ཚབ་རྣམས་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་བྱུང་རྗེས་ཐད་ཀར་བཞུགས་གནས་ Hyatt གསོལ་མགྲོན་ཁང་དུ་ཕེབས་ཡོད་པ་དང་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཕེབས་བསུར་བཅར་ཏེ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པའི་ཁྲོད། འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་སྣེ་ཁྲིད་གནང་མཁན་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་དང་སྐུ་ཞབས་ Jim Mcgovern ལགས། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Gregory Meeks ལགས་བཅས་གསུམ་ལ་ད་རེས་འཚམས་གཟིགས་སུ་ཕེབས་དོན་གང་ཡིན་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་རྣམས་བཞུགས་སྒར་དུ་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མོལ་གྱིས་ཉེ་ཆར་ཨ་རིས་གྲོས་ཚོགས་འོག་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་དེ་མགོན་པོ་༸གང་ཉིད་མཆོག་ལ་ཕྱག་རྟགས་ཚུལ་དུ་འབུལ་ལམ་ཞུས་ཕྱིར་ཕེབས་གནང་ཡོད་པ་མ་ཟད། འཚམས་གཟིགས་འདི་བརྒྱུད་ཨ་རིའི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་ལྷག་དོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་༸གོང་ས་མཆོག་དང་མཇལ་མོལ་གྱིས་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་དགོངས་གཞིའི་ཐོག་གྲོས་བསྡུར་གྱིས་༸སྐུའི་དགོངས་བཞེས་ཁག་གྲུབ་ཐབས་སུ་འབད་བརྩོན་ཞུ་ཡི་ཡིན་ཞེས་གསུངས་སོང་།

US Delegation
Photo: Tibet.net

ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཁོངས་སུ་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ Michael McCaul ལགས་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་རྣམ་གཉིས་གཙོས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་སྐུ་ཞབས་ Gregory Meeks ལགས།  དེ་བཞིན་ལྕམ་སྐུ་ Mariannette Miller-Meeks ལགས་དང་ Nicole Malliotakis ལགས། གཞན་ཡང་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ Ami Bera ལགས་བཅས་གྲོས་ཚོགས་འཐུས་མི་བདུན་དང་ཁོང་རྣམ་པའི་སྐུ་ཟླ་གཙོས་པའི་ནང་མི་དང་དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་ཡོད་པ་རེད་འདུག

ཨ་རིའི་སྐུ་ཚབ་ཚོགས་ཆུང་དེ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་དུ་བཞུགས་གཞག་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣.༣༠ ཐོག་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གནང་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་འབྲེལ་ད་རེས་ཁོང་རྣམས་བཞུགས་སྒར་དུ་ཆེད་ཕེབས་གནང་པ་འདིས་རྒྱལ་སྤྱི་དང་ལྷག་དོན་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་གནང་ཡོད་སྐོར་གསུངས་སོང་།

ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད་གནང་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འཚམས་གཟིགས་གནང་བ་དང་སང་ཕྱི་ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མོལ་གནང་རྒྱུ་དང་དེ་ནས་ཉིན་དེར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨ་རིའི་སྐུ་ཚབ་ཚོགས་ཁང་ལ་ཆེ་བསྟོད་ཀྱི་གཞུང་འབྲེལ་མཛད་སྒོ་ཚོགས་ལྷན་བཞུགས་གནང་རྗེས་ཉིན་རྒྱབ་བཞུགས་སྒར་ནས་ཕྱིར་ཕེབས་གནང་གི་ཡོད་པ་རེད།

US Delegation
Photo: Tibet.net

འབྲེལ་ཡོད་གསར་གནས།

གསར་གནས།