Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ནས་རྒྱལ་ཚོགས་ལ་བླ་རུང་སྒར་སྲུང་སྐྱོབ་དགོས་པའི་ཛ་དྲག་འབོད་སྐུལ་ཞུས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན22་པོ་བསོད་ནམས་བསྟན་འཕེལ་མཆོག   ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཅས་ཆེད་ཕེབས་ཐོག་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བླ་རུང་སྒར་གྱི་གནད་དོན་ཐོག་ཛ་དྲག་གི་དོན་ཕན་ལྡན་པ་ཞིག་ཡོང་ཕྱིར་བོད་ནང་ཕེབས་རྒྱུའི་རེ་འདུན་དང་། དེ་བཞིན་འཆར་ལོའི་ཕྱི་ཟླ་ ༣ ནང་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་སོང་།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟ་བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་སུ་རྒྱ་གཞུང་གི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་བཞིན་པའི་ལས་གཞི་འདི་ནི་བོད་ནང་རིག་གནས་གསར་རྗེས་བསྐྱར་བཟོ་བྱེད་བཞིན་པའི་རྣམ་པར་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་བོད་ཀྱི་དགོན་སྡེ་གཞན་ལའང་དཀའ་ངལ་གཅིག་མཚུངས་འཕྲད་ཉེན་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བླ་རུང་སྒར་དང་ཡར་ཆེན་སྒར་གྱི་གནས་སྟང11ས་ངོ་སྤྲོད་དང་སྦྲངས། ཡར་ཆེན་སྒར་དུ་འདི་ལོའི་ཕྱི་ཟླ་ ༤ ནས་མགོ་འཛུགས་ཀྱིས་ད་བར་བཙུན་མ་ ༡༠༠༠ ལྷག་ཙམ་ཞིག་ཕྱིར་ཕུད་བཏང་ཟིན་ཡོད་པ་མ་ཟད། ད་བར་གྲྭ་ཤག་ ༡༥༠༠ ཙམ་གཏོར་བཤིག་དང་གྲྭ་བཙུན་ ༤༦༠༠ ཙམ་ཕྱིར་འབུད་བཏང་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་དུང་ཕྱིར་ཕུད་བཏང་ཟིན་པའི་གྲྭ་བཙུན་རྣམས་རང་སར་འབྱོར་སྐབས་རྒྱལ་བཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་དང། དེའི་ཁོངས་ནས་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་དུ་ལས་རིམ་དེའི་རིགས་ཤུགས་ཆེ་སྤེལ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། བཀའ་སྤྱི་གཉིས་ནས་གནད་དོན་དེ་དག་ཐོག་བློ་འཚབ་ཤུགས་ཆེ་ཡོད་པ་བཞིན་ལས་འགུལ་རིམ་སྤེལ་མུས་ཁྲོད་བོད་མི་མང་ཚོགས་ནས་ཀྱང་གནད་དོན་དེ་དག་ཐོག་དོ་སྣང་དང་སེམས་ཁུར་ཆེ་བཞེས་དགོས་གལ་ཡིན་སྐོར་གསུངས་ཡོད་པ་རེད།

གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་བཀའ་སྤྱི་གཉིས་ཀྱིས་མང་ཚོགས་ལ་བླ་རུང་སྒར་དང་འབྲེལ་བའི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་སྐོར་གསུངས་ཏེ་མང་ཚོགས་ནས་དེར་རྒྱབ་སྐྱོར་གནང་གལ་ཡིན་པ་གསུངས་སོང་།

བཀའ་སྤྱི་གཉིས་ནས་བླུ་རུང་སྒར་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་པའི་ཛ་དྲག་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་སྐར་མ་བདུན་ཅན་གྱི་བརྙན་འཕྲིན་གཟིགས་འབུལ་ཞུས་སོང་།

རྩ་བའི་བཀའ་སྤྱི་གཉིས་ནས་རིན་མིན་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བླ་རུང་སྒར་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།