Tibetan Royal Year of 2151 | Year of the Wood Dragon

བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་བཏང་ཡོད་ཀྱང་སྔར་བཞིན་ལྟ་སྲུང་གི་འོག་ཏུ་ཡོད་པར་སེམས་འཚབ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཁ་སང་བཙོན་གྲོལ་བཏང་བ་དང་འབྲེལ། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག  བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་བྱས་པར་རྒྱ་ནག་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་ལོ་ལྔ་ཡི་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་སྐོར་ནས་གཏམ་རྒྱུད་ཅིག་འཁྲབ་སྟོན་གནང་སོང་།དེ་རིང་གི་གཏམ་རྒྱུད་འཁྲབ་སྟོན་གྱི་ལས་རིམ་དེའི་ཐོག་ཏུ། བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། དེ་བཞིན་རང་དབང་གི་ལས་འགུལ་བ། གཞན་ཡང་བོད་མིའི་མང་ཚོགས་ཀྱི་གཙོ་བྱས་པའི་རྒྱ་གར་བ་མང་པོ་མཉམ་འཛོམས་ཀྱིས།  བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གིས་དྲང་བདེན་མིན་པའི་ཉེས་འཛུགས་ཀྱིས་སྡུག་སྦྱོང་མནར་གཅོད་བཏང་ནས་བཙོན་འཇུག་བྱས་པའི་བརྒྱུད་རིམ་ལ་གདོང་སེམས་མཉམ་སྐྱེལ་གནང་བ་མ་ཟད།  རྒན་པོ་རེ་ཟུང་གིས་མིག་ནས་མཆི་མ་ཤོར་བཞིན་རྒྱ་ནག་གི་མི་སྤྱོད་ལས་འདས་བའི་བྱེད་བབ་དེར་སྡང་སྡུག་དྲག་པོའི་རྣམ་འགྱུར་བསྟན་སོང་།འདི་གའི་གསར་འགོད་པས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན། རིག་འཛིན་ཆོས་སྒྲོན་ལགས་སུ་དེ་རིང་གི་གཏམ་རྒྱུད་འཁྲབ་སྟོན་དེ་ལས་གནད་དོན་གང་ཞིག་གསལ་སྟོན་གནང་གི་ཡོད་པའི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་ཐོབ་པར་བོད་མི་ཚང་མ་དགའ་དགོས་བ་ཞིག་ཡིན་ནའང་། ཕྱོགས་གཞན་ཞིག་ནས་ཁོང་ལ་མ་ཉེས་ཁག་གཡོགས་ཀྱིས་ལོ་ལྔའི་བཙོན་འཇུག་བྱས་པའི་ཁྲོད་ནས་སྡུག་སྦྱོར་མནར་གཅོད་ཚད་མེད་བཏང་ཡོད་སྟབས་ཡིད་སྐྱོ་དགོས་བ་ཞིག་ཀྱང་ཡིན་སྐོར་འགྲེལ་བརྗོད་ཀྱིས། ཁོང་གློད་གྲོིལ་ཐོབ་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་འཕྲོད་བསྟེན་གྱི་གནས་བབ་གང་འདྲ་ཡོད་མིན་དང་ཁོང་ལ་རང་དབང་ཅི་ཙམ་ཡོད་མེད་ལ་སེམས་འཚབ་ཆེན་པོ་ཡོད་པར་མངོན་གསལ་གྱིས།  དེ་རིང་གི་གཏམ་རྒྱུད་ཀྱི་ལེའུ་དེ་བརྒྱུད་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཙོ་བྱས་པའི་གཞིས་བཞུགས་ཀྱི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་རྒྱ་ནག་གིས་བཙོན་འཇུག་བྱེད་ཀྱི་ཡོད་པའི་ཐད་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ཡིས་རྒྱ་ནག་གིས་དུས་རྒྱན་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་གནང་བཞིན་པའི་བོད་ཀྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་རྣམས་ལ་ཆོས་རིག་སྐད་ཡིག་དང་བཅས་བ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་ཐོབ་ཐང་ཆ་ཚང་ཡོད་པར་བརྗོད་བཞིན་པ་དེ་གཞི་མེད་ཀྱི་དྲིལ་བསྒྲགས་ཙམ་ཡིན་པར་རྒྱལ་སྤྱིའི་སྒང་ལ་ར་སྤྲོད་བྱས་ཡོད་པ་དང་། སྒོས་སུ་རྒྱ་ནག་གི་དམངས་འཐུས་ཀྱི་རྒྱུན་ལས་ཀྱིས་གྲངས་ཉུང་མི་རིགས་ཀྱིས་རང་སྐྱོང་གི་ས་ཁུལ་དུ་རང་གི་སྐད་ཡིག་སློབ་གཉེར་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པར་བརྗོད་ཡོད་པའི་སྙན་ཐོ་ཡང་ཕྱི་ལ་ཐོན་ཡོད་སྟབས། རྒྱ་ནག་གིས་ད་ཆ་བོད་ཁུལ་དུ་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་དང་མི་རིགས་རྒྱ་བསྒྱུར་གྱི་ལས་འགུལ་སྤེལ་བཞིན་པ་གསལ་བོ་རེད་ཅེས་གསུངས་སོང་།ཁ་སང་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་གྱི་གནས་ཚུལ་དང་འབྲེལ་ནས། རྒྱལ་སྤྱིའི་་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་མཉམ་རུབ་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་མི་ཡོངས་དང་སྒོས་སུ་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་བཞུགས་བཞིན་པའི་བོད་དོན་ལས་འགུལ་བ་རྣམས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་ཐོབ་ཡོད་ཀྱང་ཁོང་ད་ལྟ་ཡང་རྒྱ་ནག་གི་ལྟ་སྲུང་ནན་མོའི་འོག་ཏུ་ཡོད་པ་མ་ཟད། ལོ་ལྔའི་རིང་ཁོང་གི་ཆབ་སྲིད་ཀྱི་ཐོབ་ཐང་ཡོད་ཚད་བཙན་འཕྲོག་བྱས་ཡོད་པར་སེམས་འཚབ་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག

དེ་བཞིན་བསྒྲགས་གཏམ་དེའི་ནང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་དང་ཉམས་ཞིབ་ལས་བྱེད་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་ཐོབ་པ་དེ་ཡིས། གཅིག་བྱས་ན་ཁོང་ཉིད་ལ་དྲང་བདེན་མིན་པའི་ཁྲིམས་ཆད་བཅད་པ་དེ་མཇུག་སྒྲིལ་བ་ཞིག་མཚོན་གྱི་ཡོད་ནའང་། ད་དུང་ཁོང་གི་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་འཕྲོག་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱིས་ཁོང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོད་པའི་གནད་དོན་དེའི་ཐོག་ལངས་ཕྱོགས་བརྟན་པོའི་ཐོག་ནས་འཐབ་རྩོད་བྱེད་དགོས་བའི་སྐུལ་མ་གནང་འདུག

དེ་བཞིན་ཨིན་ཡུལ་ནང་གི་ Free Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས། དཔའ་སྤོབས་དང་ཆོད་སེམས་ཆེ་བའི་བོད་ཀྱི་དཔའ་རྒོད་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་ཐོབ་པར་དགའ་སྤྲོ་ཆེན་པོ་བྱུང་ཡོད་སྐོར་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལགས་དང་ཐོག་བཙོན་འཇུག་བྱས་པ་དེ་ཡང་ཆེས་ཁོང་ཁྲོ་ཟ་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ད་ལྟ་ཁོང་ལ་སྔར་ལས་ལྷག་པའི་ཚོད་འཛིན་དང་གཉའ་གནོན་བྱེད་བཞིན་པ་དེ་བས་ཚད་བརྒལ་གྱི་བྱ་སྤྱོད་ཅིག་ཡིན་པ་ལྟར། ཁོང་རྣམས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་རང་དབང་ཆེད་དུ་མུ་མཐུད་ཤུགས་སྣོན་བྱ་རྒྱུའི་དམ་བཅའ་བཞག་པ་མ་ཟད། རྒྱལ་ཁབ་ཁག་གི་སྲིད་གཞུང་རྣམས་ནས་མཉམ་འབྲེལ་གྱིས་ནུས་པ་བཏོན་པའི་ཐོག་ནས་རྒྱ་གཞུང་ལ་བཀྲིས་དབང་ཕྱུག་ལགས་ཀྱི་ཐོབ་ཐང་བཀག་སྡོམ་བྱས་བ་ཁག་ཡོད་ཚད་འཕྲལ་དུ་མེད་པར་བཟོ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་པ་ཁོ་ནར་བརྟེན་ནས་ལོ་ལྔ་ཙམ་བཙོན་འཇུག་བྱས་པ་དེས། དོན་དངོས་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཛ་དྲག་ཇི་ཙམ་ཡིན་པ་མངོན་གསལ་བྱེད་ཀྱི་ཡོད་སྐོར་དང་འབྲེལ། བཀྲིས་དབང་ཕྱུག་ལྟ་བུ་བོད་ཀྱི་སྐད་ཡིག་རང་དབང་གཙོད་མཁན་རང་ལོ་ ༢༣ ཡིན་པའི་གྲྭ་བསོད་ནམས་དཔལ་ལྡན་སོགས་མུ་མཐུད་བཙོན་འཇུག་ཁྲོད་དཀའ་སྡུག་མྱོང་བཞིན་ཡོད་སྟབས། ཁོང་རྣམས་ཀྱིས་་རྒྱ་ནག་གཞུང་ལ་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་མེད་པའི་ཐོག་ནས་འཕྲལ་མར་གློད་གྲོལ་གཏོང་དགོས་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཐོབ་ཐང་རྣམས་སྲུང་སྐྱོབ་སླད་དུ་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་པ་གསུངས་འདུག

གཞན་ཡང་ཡུ་རོབ་ན་གཞོན་ལྷན་ཚོགས་ཀྱི་ངོས་ནས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཤེས་ཡོན་གྱི་སྐོར་ལ་གླེང་བ་ཙམ་གྱིས་འཛིན་བཟུང་བྱས་ཡོད་པ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཙོ་བྱས་པའི་བོད་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་ལ་སྡང་འཛིན་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གསལ་བོའི་ཐོག་ནས་གླེང་སློང་བྱེད་དགོས་བ་དང་། དེ་བཞིན་རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་ཁ་བྲལ་གྱི་མིང་ཐོག་ནས་བོད་མིའི་ཞི་བའི་ལས་འགུལ་བ་རྣམས་འཛིན་བཟུང་བཀག་སྐྱིལ་བྱེད་རྒྱུ་མཚམས་འཇོག་དགོས་བའི་ཞུ་སྐུལ་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།