Tibetan Royal Year of 2151 | Year of the Wood Dragon

བཀྲས་མཐོང་ལྷ་སྒྲོན་ལགས་དང་ཧོང་ཀོང་རང་དབང་མཐུན་ཚོགས་གཉིས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནིའི་ཡན་ལག་གིས་ Snow Lion Human Rights Prize ཞེས་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་ཨ་རིའི་ནང་དུ་རྟེན་གཞི་བྱེད་པའི་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་ལགས་དང་ “Freedom for Hong Kong” ཧོང་ཀོང་རང་དབང་མཐུན་ཚོགས་གཉིས་ལ་ཕུལ་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནིའི་ཡན་ལག་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༡༦ ཉིན་འཇར་མ་ནིའི་རྒྱལ་ས་ Berlin དུ་ཁོར་ཡུག་གླེང་སྟེགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་དུ་འཇར་མ་ནིའི་ཐའེ་ལྦན་གཞུང་ཚབ་ Jhy-Wey Shieh ལགས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་འཐུས་མི། དེ་བཞིན་སྦར་ལིན་ཁུལ་དུ་གནས་སྡོད་བོད་མི་སོགས་ཆེད་ཕེབས་གནང་འདུག སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Richard Gere ལགས་ཀྱིས་བརྙན་བརྒྱུད་ ༢༠༢༤ ལོའི་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་བཀྲས་མཐོང་ལྷ་སྒྲོན་ལགས་ནས་མི་ལོ་མང་པོའི་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་སྐུ་ལས་བསྐྱོན་པར་བསྔགས་བརྗོད་དང་བོད་པའི་གཞོན་སྐྱེས་མང་དག་ཅིག་གི་དམིགས་དཔེ་འཛིན་ས་ཞིག་ཡིན་པ་གསུངས་འདུག

བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་གཟེངས་རྟགས་དེ་བཞིན་རང་ཉིད་ཀྱི་མངོན་འདོད་ལྟར་བོད་ལ་ཕྱིར་ལོག་ཐུབ་རྒྱུར་རེ་སྒུག་གནང་མཁན་གྱི་ཕྱག་སྦྲེལ་ལས་འགུལ་བ་རྣམས་ཀྱི་ཆེད་དུ་ཡིན་ཞེས་གསུངས་པ་དང་སྦྲགས། རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭར་བོད་པའི་ཕྲུ་གུ་ས་ཡ་ལྷག་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་དུ་གཏོང་བཞིན་ཡོད་པ་གསལ་འདོན་གྱིས་སྐྱོན་བརྗོད་གནང་འདུག

དེ་བཞིན་ “Freedom for Hong Kong” ཞེས་ཧོང་ཀོང་རང་དབང་མཐུན་ཚོགས་ཀྱི་ཚོགས་མི་ Amy Siu ལགས་དང་ Ray Wong ལགས་རྣམ་གཉིས་ཀྱིས་ནམ་ཡང་སྙིང་སྟོབས་ལ་ཞུམ་པ་མེད་པའི་ཧོང་ཀོང་མི་རིགས་ཡོངས་ལ་བཀྲིན་ཆེ་ཞུ་པ་དང་ཆབས་ཅིག ཧོང་ཀོང་མང་ཚོགས་ནས་མུ་མཐུད་ཆིག་སྒྲིལ་ཐོག་ནས་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག

རྩ་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ “Snow Lion human rights prize” འམ་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དེ་བོད་གཙོས་པའི་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་རྣམས་ཀྱི་རང་དབང་འཐབ་རྩོད་གནང་སྟེ་གཟེངས་སུ་ཐོན་པའི་སྒྲིག་འཛུགས་དང་ལས་འགུལ་བ་སོགས་ལ་འབུལ་སྲོལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།