བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་ ༡༠ པའི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས།

Tibetan News Headlines

  • Dalai Lama Grants Audience to 380 Devotees, Says Life’s Purpose Is to Help Others
  • 49-Day Prayer Service for Late Ngari Rinpoche Held in Dharamshala
  • 9th Non-Sectarian Seminar on Great Canonical Texts Begins at Pal Shenten Menri Ling
  • Tibetan Advocacy Group Condemns Nepal International Film Festival for Screening ‘Xizang Panorama’ China-Backed Propaganda Films on Tibet
  • 31st GCMGC Football Tournament Kicks Off in Kollegal Dhondenling
  • New York Hosts First North American Tibetan Weekend Schools Art and Literary Competition Honoring Dalai Lama’s 90th Birthday

ཪེས་གཟའ་ཟླ་བ། ༢༠༢༦།༠༤།༠༦

  • འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།
  • བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
  • གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།
  • བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
  • བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་དབར་གྱི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་ནང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་བཅུ་པའི་ཚོགས་ཆེན་འཚོགས་གནང་སོང་བ་འབྲེལ། ཐེངས་འདིའི་ཚོགས་འདུའི་ཐོག་ཚོགས་པའི་རྒྱུན་ལས་གསར་འདེམས་དང་། མ་འོངས་ལས་གཞི་སྤེལ་ཕྱོགས། དེ་བཞིན་ཚོགས་པ་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་རྗེས་སུ། སྐབས་ ༡༠ པའི་རྒྱུན་ལས་མི་གྲངས་ ༡༥ བདམ་གནང་སོང་བ་མ་ཟད། ཚོགས་མི་ ༣༣ གྱིས་འོས་ཤོག་འཕེན་པའི་ཁྲོད་ཚོགས་པ་དེ་ཉིད་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་དང་། དེ་སྔ་ཚོགས་པའི་ཚོགས་གཙོ་གནང་མྱོང་མཁན་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྟོགས་ལྡན་ལགས་སུ་འོས་གྲངས་ ༢༦ ཐོབ་པར་བརྟེན་མང་མོས་ཐོག་སྐབས་ ༡༠ པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་སོང་།

མ་ཟད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་ ༡༠ པའི་རྒྱུན་ལས་གསར་པའི་ནང་དུ་རྒྱ་གར་ནས་རྒྱུན་ལས་ ༥ དང་ཨོ་སི་ཊོ་ལི་ཡ་ནས་ ༥ ཨ་རི་ནས་ ༡ དེ་བཞིན་ཡུ་རོབ་ནས་ ༣ བཅས་ཁྱོན་རྒྱུན་ལས་མི་གྲངས་ ༡༥ བདམ་གནང་སོང་།

རྩ་བའི་ཐེངས་འདིའི་ཆོགས་ཆེན་དེ་ཉིད་དེ་སྔ་སྐབས་དགུ་པའི་རྒྱུན་ལས་ཚང་འཛོམས་ཀྱིས་སྤྱི་མོས་ཐོག་ནས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་གཙོའི་ལས་ཚབ་ཟུར་པ་རྒྱལ་ཐང་ངག་དབང་དགའ་ལྡན་རྒྱུན་ལས་དང་ཚོགས་མི་ནས་ཕྱིར་འབུད་བཏང་ཡོད་པའི་གནས་སྟངས་དང་འབྲེལ་འཚོགས་ཡོད་པ་ཞིག་ཆགས་ཀྱི་འདུག

སྐབས་དེར་ཚོགས་མི་ལས་བྱེད་ཡོངས་ནས་ཚོགས་འདུའི་ཐོག་ཚོགས་པའི་མ་འོངས་ལས་གཞི་སྤེལ་ཕྱོགས་གཙོས་ཚོགས་པ་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་གིས་སྐབས་ ༡༠ པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྟོགས་ལྡན་ལགས་སུ་མ་འོངས་ལས་འགུལ་སྤེལ་ཕྱོགས་སོགས་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་ཐོག་ནས་དོན་ཚན་བཞི་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཉེ་བའི་ལོ་ཤས་ནང་ཆབ་སྲིད་བཙོན་ཟུར་མང་པོ་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་སྐྱོང་འོག་ཨོ་གླིང་དུ་གཞིས་བསྐྱོད་དང༌།  དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྤོས་ཕྱིན་པས་དབུས་ཀྱི་གཏན་འཇགས་རྒྱུན་ལས་ནང་ལས་བྱེད་ཀྱི་དཀའ་ངལ་ཆེན་པོ་ཞིག་ཕྲད་པ་དང་། དེ་འདྲའི་དཀའ་ངལ་ཁྲོད་སྐབས་ ༩ པའི་ཚོགས་གཙོའི་ལས་ཚབ་ཟུར་པ་རྒྱལ་ཐང་ངག་དབང་དགའ་ལྡན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་རྒྱ་ནག་གཞུང་ལ་ངོ་བསྟོད། བོད་མིའི་སྒྲིག་འཛུགས་ལ་ཁྱད་གསོད། དེ་བཞིན་རྒྱུན་ལས་དང་ལས་བྱེད་ལ་རྡུང་རྡེག་བཏང་ནས་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པས། ཚོགས་པའི་སྒྲིག་གཞི་ལེའུ་ ༡༡ པའི་ནང་གསེས་ ༥ པ་གཞིར་བཟུང་སྐབས་དགུ་པའི་རྒྱུན་ལས་ཚང་འཛོམས་ཀྱིས་སྤྱི་མོས་ཐོག་ནས་སྔ་ལོའི་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་རྒྱུན་ལས་དང་ཚོགས་མི་ནས་ཕྱིར་འབུད་བཏང་ཟིན་པར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་གསུངས་སོང་།

མ་ཟད། ཁོ་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༤ ནས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ བར་གྱི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་ཤོག་སྤྱོད་ནས་ཡིག་ཆ་སྤེལ་བ་ཆ་ཚང་ཕྱིར་འཐེན་དང་རྩིས་མེད་བཏང་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང༌། དགོངས་གཞི་དང་འགལ་བའི་བྱ་བ་བརྩམས་པ་ཡོངས་རྫོགས་ཁོ་པ་མི་གཅིག་གི་བྱས་ཉེས་ལས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་དང་ཚོགས་མི་སུ་རུང་ལ་འབྲེལ་བ་མེད་ཅེས་ཙམ་མ་ཟད། དེ་ལྟར་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང༌། དགོངས་གཞི་དང་འགལ་བའི་བྱ་སྤྱོད་ལ་ཚོགས་པའི་ཚོགས་མི་ཡོངས་ནས་མགོན་པོ་༸གང་ཉིད་ལ་སྙིང་དབུས་ནས་དགོངས་སེལ་ཞུ་རྒྱུ་དང༌། ཕྱིན་ཆད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མིང་ཐོག་ནས་དེ་ལྟར་མི་ཡོང་བའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།

དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྐྱིད་ཁག དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཡོངས་ལ་དེ་མཚུངས་ཀྱི་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་བཅས་ཀྱི་དོན་ཚན་བཞི་ཅན་འཁོད་ཡོད་པ་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གནང་མྱོང་མཁན་དང་། སྐབས་ ༩ པའི་རྒྱུན་ལས། དེ་བཞིན་སྐབས་ ༡༠ པའི་རྒྱུན་ལས་གསར་པའི་ནང་ཡོད་པ་དེག་ངག་དབང་འོད་འབར་ལགས་སུ་ཐེངས་འདིའི་ཆོགས་ཆེན་སྤྱི་ཡོངས་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཐེངས་འདིའི་ཚོགས་ཆེན་ཐོག་ནས་གཙོ་བོ་སྐབས་ ༩ པའི་ཚོགས་གཙོའི་ལས་ཚབ་ཟུར་པ་རྒྱལ་ཐང་ངག་དབང་དགའ་ལྡན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་པའི་གནས་ཚུལ་ངོས་འཛིན་གྱིས་དེ་འབྲེལ་དགོངས་སེལ་ཞུ་རྒྱུ་དང་ཆབས་ཅིག ལྷག་པར་མ་འོངས་པར་ཚོགས་པས་༸གོང་ས་མཆོག་གི་བཀའ་དགོངས་འོག་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། ལྷག་དོན་རྒྱ་གཞུང་གི་བཙོན་ཁང་ནང་ལོ་མང་དཀའ་སྡུག་དང་མནར་གཅོད་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་མི་ཚེའི་ཁྲོད་ཀྱི་གལ་ཆེའི་བྱུང་རབས་ལོ་རྒྱུས་རྣམས་དེབ་ཕྲེང་གི་གཟུགས་སུ་ཕྱོགས་བསྒྲིགས་དང་དཔར་སྐྲུན་བྱ་རྒྱུ་སོགས་ཚོགས་པའི་དམིགས་ཡུལ་ལྟར་ཤར་བསྐྱོད་གནང་རྒྱུར་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་ནི། རྒྱ་ནག་གུང་ཁྲན་ཏང་གི་བཙོན་ཁང་དུ་བཞུགས་དགོས་བྱུང་བའི་བཙོན་ཟུར་བ་གཙོ་བོར་གྱུར་པའི་ཆབ་སྲིད་ཉེན་གཡོལ་ལ་ཕེབས་པའི་རྒྱལ་གཅེས་པ་དག་གིས་ཆབ་སྲིད་ཀྱི་ལྟ་བ་དང་། དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དེ་ཉིད་མངོན་འགྱུར་ཡོང་ཆེད་ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་དྷརྨ་ས་ལར་དངོས་སུ་དབུ་བརྙེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་པ་འདིར་གནས་ཡུལ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཁྱོན་ཚོགས་མི་ ༦༠༠ ལྷག་ཡོད་པ་རྣམས་རྒྱ་གར་དང་ཨོ་གླིང་གཙོ་གྱུར་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་རྒྱལ་ཁབ་བཅས་སུ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།