འདི་ལོ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་གྱི་ཡོད་པ་དང་བསྟུན། གཟའ་འཁོར་འདིའི་ནང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མཁས་དབང་དང་ཉམས་ཞིབ་པ། དེ་བཞིན་གསར་འགོད་པ་བཅས་གདན་ཞུས་ཀྱིས་ཉིན་གསུམ་རིང་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་འཚོགས་ཡོད་པ་ལྟར། བགྲོ་གླེང་ཐོག་མཉམ་ཞུགས་གནང་བའི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་སུ་ཁོང་གི་ཆེད་རྩོམ་གྱི་བརྗོད་གཞི་གསར་འགྱུར་མེ་ལོང་དང་དགེ་སློང་རིག་འཛིན་དབང་པོའི་སྐོར་དམིགས་བསལ་བཅར་འདྲི་ཞུས་ཡོད།




