Tibetan Royal Year of 2151 | Year of the Wood Dragon

བདེ་སྲུང་བཀའ་བློན་མཆོག་གིས་ RakshaBandhan དུས་ཆེན་དང་བསྟུན་རྒྱ་གར་གཞུང་མང་ལ་བཀྲིན་རྗེས་དྲན་ཞུས་སོང་།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་རྒྱ་གར་གྱི་རྒྱལ་ས་དི་ལླིར་ས་གནས་བུད་མེད་ལྷན་ཚོགས་དང་ भारत तिब्बत सहयोग मंच Bharat Tibbat Sahyog Manch (BTSM) རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཐུན་མོང་གིས་བོད་སྒར་བསམ་ཡས་གླིང་སློབ་གྲྭའི་ནང་ RakshaBandhan ཞེས་པའི་རྒྱ་གར་དུས་སྟོན་དེ་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ RSS སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་ Indresh Kumar ལགས་དང་།  གཞན་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་ Pankaj Goyal ལགས་རྣམ་པ་གཉིས་ལ་ RakshaBandhan གི་ལག་སྐུད་བཅིངས་ཡོད་པ་རེད།


བཀའ་བློན་མཆོག་གིས་སྐབས་དེར་བོད་དང་རྒྱ་གར་དབར་གནའ་རབས་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་ཟབ་མོ་དང་།   ལྷག་པར་བོད་མི་དང་ཡུལ་མིའི་དབར་འབྲེལ་བ་སོགས་དྲན་སྐུལ་གནང་སྟེ། བོད་མི་རྣམས་ཀྱིས་ཡུལ་མིའི་དུས་ཆེན་ཁག་ལ་གུས་བརྩི་དགོས་པ་དང་འདི་ལྟ་བུའི་དུས་ཆེན་བརྒྱུད་རྒྱ་གར་གཞུང་མང་ལ་ངེས་པར་དུ་བཀྲིན་རྗེས་དྲན་ཞུ་དགོས་པ་གསུངས་ཡོད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ Indresh Kumar ལགས་ཀྱིས་དེ་རིང་ནང་པ་དང་ཧིན་རྡུ་བཅས་རྒྱལ་ཁབ་གཉིས་ཀྱི་ངོས་ནས་དུས་ཆེན་འདི་སྲུང་བརྩི་ཞུ་བཞིན་པ་དེ་ནི་ཕན་ཚུན་བརྩེ་གདུང་དང་སྤུན་ཆེ་ཆུང་གི་ཆིག་སྒྲིལ་ནུས་པ་སྟོན་པ་གསལ་པོ་རེད་ཅེས་གསུངས་ཏེ། རྒྱ་ནག་གཞུང་གི་ངོས་ནས་ཐབས་ཤེས་སྣ་ཚོགས་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་བྱེད་བཞིན་པ་དེར་ང་ཚོས་གདོང་ལེན་བྱེད་དགོས་པ་མ་ཟད།  ད་རེས་ཀྱི་དུས་ཆེན་འདིའི་བརྒྱུད་ང་ཚོས་རྒྱ་ནག་གྱི་ངན་བྱུས་དེ་ལམ་ལྷོང་མི་ཡོང་བ་བྱ་རྒྱུའི་དམ་བཅའ་ལེན་དགོས་པ་སོགས་གསུངས་ཡོད།  

ཁ་སང་མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ད་དུང་། བོད་སྒར་བསམ་ཡས་གླིང་གི་མི་མང་ཚོས་རྒྱུན་ལྡན་ནས་ངལ་བ་ཁྱད་བསད་ཀྱིས་ལས་འགུལ་མཉམ་ཞུགས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད།   ལྷག་པར་ས་གནས་བུད་མེད་ཚོགས་པ་དང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་ཁ་སང་ RakshaBandhan གི་དུས་སྟོན་དེ་གོ་སྒྲིག་ཆེད་ནུས་པ་གང་འོས་བཏོན་པར་བསྔགས་བརྗོད་ཀྱང་གནང་ཡོད།

གཞི་རྩའི་ RakshaBandhan ཞེས་རྒྱ་གར་གྱི་དུས་ཆེན་དེ་ནི་སྤུན་མཆེད་ཕན་ཚུན་དབར་གསང་སྐུད་དམ་ལག་སྐུད་བཅིངས་ཏེ། སྤུན་ཆེ་ཆུང་གི་འདུ་ཤེས་ཐོག་འབྲེལ་བ་དམ་ཟབ་ཁས་ལེན་བྱེད་པའི་དུས་སྟོན་ཞིག་ཡིན་ཞིང་། དེ་ནི་རྒྱ་གར་རྒྱལ་ཡོངས་སུ་སྲུང་བརྩི་བྱེད་སྲོལ་ཡོད་པ་ཞིག་རེད།

འབྲེལ་ཡོད་གསར་གནས།

གསར་གནས།