Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་དུ་བོད་ཀྱི་བེུད་ལྷན་ཚོགས་སླར་གསོ་ཞུས་ཏེ་ལོ་ངོ་ ༣༨ འཁོར་བར་སྲུང་བརྩི།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

དེ་རིང་བཞུགས་སྒར་དྷརྨ་སཱ་ལཱའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ཕུན་ཚོགས་ཁང་གསར་ནང་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཏེ་ལོ་ངོ་ ༣༨ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་།མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་དབུ་དབུས་ས་ཀྱི་རྒྱུན་ལས་དང་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་མི་མང་བཅས་ལྷན་འཛོམས་ཐོག་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་སོང་།དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་དེ་རིང་གི་དུས་ཚིགས་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བའི་ནང་དེ་སྔོན་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་བོད་ས་ཡོངས་རྫོགས་བཙན་བཟུང་གིས་བོད་མི་ས་ཡ་གཅིག་ལྷག་དམར་བསད་བཏང་བ་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་ཏུ་བཏང་དང་གཏོང་བཞིན་པའི་ཆེས་ཛ་དྲག་གི་དུས་སྐབས་དེར་བོད་ཀྱི་བུད་མེད་རྣམས་ཀྱིས་འགན་མཉམ་འཁུར་གྱིས་ཆོལ་གསུམ་བུད་མེད་སྟོང་ཕྲག་དུ་མས་རྒྱ་དམར་གྱི་དྲག་གནོན་དང་བཙན་གནོད་ལ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་གདོང་ལེན་གནང་སྟེ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་བོད་ཀྱི་བུད་མེད་རྣམས་སྒེར་ལངས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོལ་གསུམ་བུད་མེད་ཀྱི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོའི་ཇི་ལྟར་གནང་བའི་བརྒྱུད་རིམ་རྣམས་བཀོད་པ་དང་འབྲེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་ཡོང་ཆེད་གཞོན་སྐྱེས་རྣམས་ཀྱིི་ངོས་ནས་འགན་འཁུར་བླངས་ཏེ་ཞབས་འདེབས་བསྒྲུབ་རྒྱུའི་རེ་བ་ཡོད་སྐོར་གསུངས་སོང་།སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་མི་རྣམས་སྐྱབས་བཅོལ་བ་དུ་མ་ཡོད་པའི་ནང་ནས་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག གཞིས་བཞུགས་བོད་མི་རྣམས་ཀྱི་བློས་བཏང་ལ་དགོངས་བཞེས་ཀྱིས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་ཐུགས་འཁུར་བཞེས་གལ་ཡིན་པ་གསུངས་ཡོད། དེ་བཞིན་བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་གཙོས་ལེགས་བྱང་དག་ལ་སློབ་གཉེར་གནང་གལ་ཡིན་པར་གསུངས་པ་དང་སྦྲགས། དེ་སྔ་བོད་ཀྱི་དཔའ་མོ་ཀུན་བཟང་ལགས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ་ཁོང་གིས་རྒྱ་ནག་དམར་པོའི་བཙན་གནོན་ལ་གདོང་ལེན་དང་དཀའ་སྡུག་ཇི་མྱངས་སོགས་ཀྱི་སྐོར་གསུངས་ཡོད།རྩ་བའི་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་མི་རྣམས་བཙན་བྱོལ་དུ་སྔ་རྗེས་སུ་འབྱོར་བ་དང་བསྟུན་ཀ་རྡོར་གྱི་བུད་མེད་རྣམས་ནས་ལས་དོན་མཇུག་འཁྱོངས་ཆེད་བགྲོ་གླེང་རིམ་པ་གནང་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་རྒྱ་དམར་གྱི་བཙན་གནོན་འོག་བུད་མེད་སྒེར་ལངས་གནང་སྟེ་ལོ་གཅིག་ཧྲིལ་པོར་འཁོར་བའི་དུས་དྲན་དང་འབྲེལ་བུད་མེད་ཚོགས་པ་གསར་འཛུགས་ཀྱིས་བོད་སྤྱི་པའི་རྩ་དོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེར་སྤེལ། འོན་ཀྱང་རིམ་བཞིན་མི་ཡུལ་དུ་འཚོ་གནས་ཀྱི་དཀའ་ངལ་ཆེ་བའི་ཆབ་སྲིད་ཀྱི་འགན་འཁུར་ནུས་པ་ཉམས་དམས་སུ་འགྲོ་སྐབས། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན། སྔར་བུད་མེད་ཚོགས་པ་ཞིག་ཡོད་ཀྱང་བར་ལམ་འཇའ་ཡལ་བ་ལྟར་གྱུར། དེང་གི་འཛམ་གླིང་སྤྱི་སྲོལ་ལྟར་བུད་མེད་ཚོགས་པ་ཧྲ་ཏག་ཏག་གཅིག་འབྱུང་ན་དགེ་མཚན་ཡོད་པའི་བཀའ་སློབ་སྤྱི་ཕེབས་དགོངས་དོན་ལྟར་བཞུགས་སྒར་དུ་གནས་བཞུགས་བུད་མེད་ ༡༨ ཀྱིས་བཀའ་བརྩི་དང་ལེན་ཞུས་ཏེ་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཡོད། ད་ལྟའི་ཆར་ས་གནས་ཡན་ལག་ ༥༨ དང་ཚོགས་མི་གྲངས་ ༢༠༠༠༠ ལྷག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།