Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་མཐའ་དམག་ཚོར་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་མཇུག་སྒྲིལ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རྒྱ་གར་བྱང་ཤར་ཁུལ་གྱི་དམག་དཔོན་དང་དམག་མི་སོགས་ལ་བོད་རིག་པའི་སློབ་གཉེར་ཟབ་སྦྱོང་ཐེངས་དང་པོ་གནང་བ་དེ་དེ་རིང་མཇུག་སྒྲིལ་གནང་འདུགརྩ་བའི་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་རྟེན་གཞི་བྱས་པའི་དབུས་ཧི་མཱ་ལ་ཡའི་ལེགས་བྱང་མཐོ་སློབ་ཏུ་གནང་བའི་བོད་རིག་པའི་སློབ་གཉེར་གྱི་ཟབ་ཁྲིད་ ནང་ཨ་རུ་ན་ཅལ་དང་ཨ་སམ་མངའ་སྡེ་གཉིས་གཙོས་རྒྱ་གར་བྱང་ཤར་ཁུལ་གྱི་དམག་སྡེ་ཁག་གི་སྡེ་ཚན་ཅི་རིགས་ནང་ཕྱག་ལས་གནང་མཁན་གྱི་དམག་དཔོན་དང་དམག་མི། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གྲངས་ ༤༢ རིང་གི་ཟབ་ཁྲིད་དེ་ནི་གཙོ་བོ་རྒྱ་གར་གྱི་མཐའ་དམག་ཚོར་བོད་ཀྱི་སྐད་ཡིག་དང་ནང་ཆོས། རིག་གཞུང་། དེ་བཞིན་བོད་ཀྱི་ལོ་རྒྱུས་སོགས་ཀྱི་གོ་རྟོགས་ལེགས་པར་ཡོང་ཐབས་དང་སྒོས་མཐའ་མཚམས་ཀྱི་བོད་མི་རྣམས་དང་འབྲེལ་ལམ་དམ་ཟབ་གནང་སླད་དམིགས་པ་ཞིག་ཆགས་ཡོད།

བོད་རིག་པའི་སློབ་གཉེར་ཟབ་ཁྲིད་ནང་གསུང་བཤད་གནང་མཁན་འབྲས་ལྗོངས་མཐོ་སློབ་དང་རྣམ་རྒྱལ་བོད་རིག་པའི་ལྟེ་གནས་བཅས་ཀྱི་སློབ་དཔོན་དང་ཉམས་ཞིབ་འབྲེལ་མཐུད་པ་བཅས་ཡོད་པར་མ་ཟད། བོད་དོན་ཆེད་མཁས་དབང་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་དང་སློབ་དཔོན་པ་སངས་ཚེ་རིང་ལགས་གཉིས་ཀྱང་ཡོད་པ་རེད།

ཟབ་ཁྲིད་དེའི་ཁྲོད་རྒྱ་གར་གྱི་མཐའ་དམག་རྣམས་ཁུལ་དེར་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་དང་ས་མཚམས་ཀྱི་ས་ཁུལ་ཁག་ཏུ་འཚམས་གཟིགས་གནང་འདུག

གཞི་རྩའི་རྒྱ་གར་གྱི་དམག་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐོག་སློབ་སྦྱོང་གནང་རྒྱུའི་ལས་གཞི་དེ་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་གི་གནད་དོན་རིམ་པ་བྱུང་དོན་ལྟར་སྐབས་དེའི་ཕྱི་ཟླ་ ༡༠ ནང་ཚོགས་པའི་རྒྱ་གར་གྱི་དམག་སྤྱིའི་ལྷན་ཚོགས་ཐོག་གྲོས་བསྡུར་ཐོག་མ་བྱུང་སྟེ་ཉེ་ཆར་ དམག་མིའི་ཚོགས་ཁག་ལ་སློབ་གཉེར་གནང་ཟིན་ཡོད་པ་དང་དེ་འབྲེལ་གནས་ཚུལ་ཐོག་རྒྱ་གར་གྱི་བརྒྱུད་ལམ་ཁག་གཅིག་ཏུ་ཟབ་ཁྲིད་དེ་ནི་རྒྱ་ནག་གི་མཐའ་སྲུང་དམག་མིར་འཐབ་རྒོལ་ནན་པོ་ཐུབ་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་བཤད་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།