Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་ནས་འཕགས་བོད་ས་མཚམས་བར་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་དབུ་འཛུགས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  བཞུགས་སྒར་གྱི་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རླངས་འཁོར་འབབ་ཚུགས་སུ།  རྡ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གི་འོག  འཕགས་བོད་ས་མཚམས་ཀྱི་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་སོང་།དེ་རིང་གི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་གྱི་མཛད་སྒོའི་ཐོག   སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀཱེ་ཞན་ཀཱ་པཱོར་མཆོག་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་མཚོན་པའི་སྦག་སྦག་སྐོར་སྐྱོད་པ་ལྔ་བཅུ་ལྷག་དང་། གཞན་ཡང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བརྒྱ་ཕྲག་ལྷག་འདུ་འཛོམས་གནང་འདུག སྐབས་དེར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། མགོན་པོ་དོན་འགྲུབ་ལགས་ཀྱིས་ཐེངས་འདིའི་སྐོར་སྐྱོད་ཀྱི་དགོས་དམིགས་དང་འབྲེལ་ནས་གཏམ་བཤད་གནང་སྟེ། ད་ཆ་རྒྱ་ནག་གི་གཉའ་གནོན་བཤུ་གཞོག་གི་འོག་ཏུ། གཞིས་བཞུགས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་གནས་སུ་ལྷུང་ཡོད་པང་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་སྦག་སྦག་གི་སྐོར་སྐྱོད་དེ་ནི་འདི་ལོའི་རྒྱ་ནག་གི་ནད་ཡམས་ཀྱི་རྐྱེན་གྱིས་རྒྱལ་སྤྱིའི་སྥྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་འཕྲལ་བཞིན་པ་ཐེར་འདོན་དང་། དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་། གཞན་ཡང་རྒྱ་ནག་གིས་བོད་ཁུལ་དུ་སྔར་ལྷག་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་མཚམས་འཇོག་དགོས་བ་སོགས་ཀྱི་དགོས་འདུན་ཁག་ཁྱབ་བསྒྲགས་དང་ལྷན་དུ། གཞིས་བཞུགས་བོད་མི་ཚོར། བཙན་བྱོལ་ནང་གི་མི་ཐོག་བརྗེ་བོ་ཐེབས་བཞིན་ཡོད་ནའང་། མི་རབས་གསར་བ་རྣམས་ཀྱིས་སྔར་བཞིན་བོད་རྒྱལ་ཁབ་ཆེན་མོ་སླར་གསོ་གནང་རྒྱུའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པའི་སྐུལ་མ་གཏོང་བཞིན་ཡོད་པར་བསྒྲགས་སོང་།དེ་བཞིན་སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀཱེ་ཞན་ཀཱ་པཱོར་མཆོག་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱི་སྣེ་ཁྲིད་པའི་ཚོགས་མི་ཡོངས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་དེ་སྤེལ་བར་འཚམས་འདྲི་གནང་བ་དང་སྦྲགས།  རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བཏང་བར་བརྟེན། འཛམ་གླིང་ཁྱོན་ཡོངས་ལ་གཉན་རིམས་ཁྱབ་བརྡལ་གྱིས་ངལ་བ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་སྲིད་གཞུང་འདིས་མང་ཚོགས་རྣམས་ཀྱིས་བདེན་པའི་གནད་དོན་བརྗོད་པར་བཀག་སྡོམ་བྱེད་མཁན་གྱི་གཡོ་སྒྱུ་རང་བཞིན་ལྡན་པའི་སྲིད་གཞུང་ཞིག་ཆགས་ཡོད་སྟབས། མི་མང་གིས་རྒྱ་ནག་གི་བྱེད་ཕྱོགས་དེར་བློ་འཚབ་བྱེད་ཡུལ་ཞིག་ཆགས་ཡོད་་སྐོར་གསུངས་བ་མ་ཟད། སྐུ་ཞབས་མོ་ཊི་མཆོག་གི་གཞུང་ནས་དེ་སྔའི་གཞུང་དང་མི་འདྲ་བར་བློ་སྤོབས་ཆེན་པོའི་ཐོག་ནས་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་སྐོར་ངོ་སྤྲོད་གནང་སྟེ། རྒྱ་ནག་གིས་བོད་ལ་རང་དབང་སྤྲོད་དགོས་པ་དང་། བོད་དེ་བོད་མི་ཚོར་བདག་པ་ཞིག་ཡིན་སྐོར་ཡོངས་གྲགས་ཀྱིས་ཐེངས་འདིའི་ལས་འགུལ་ལམ་ལྷོང་ཡོང་རྒྱུར་རེ་སྨོན་གནང་སོང་།འདི་བཞིན་འདི་གའི་གསར་འགོད་པའི་ཐེངས་འདིའི་སྐོར་སྐྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན། བདེ་སྐྱིད་གཞིས་ཆགས་ཀྱི་ཚེ་རིང་ཐར་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས།  འདི་ལོ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར། ནད་ཡམས་དེ་རྒྱ་ནག་ལས་བྱུང་བ་ཞིག་ཡིན་སྐོར་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་ནས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་སྐོར་ངོ་སྤྲོད་གནང་སོང་།གཞི་རྩའི་ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་དུ། བཞུགས་སྒར་ཁུལ་དང་རྡེ་ར་རྡུན་ཁུལ། དེ་བཞིན་ལྡི་ལི་དང་སྦིར་གཞིས་ཆགས་སོགས་ཀྱི་བོད་མི་འདུས་སྡོད་ས་ཁུལ་ཁག་མང་པོའི་བོད་མི་རྣམས་ཀྱིས་མཉམ་ཞུགས་གནང་ཡོད་པ་ལྟར། བཞུགས་སྒར་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ཁུ་ནུ་ཁུལ་གྱི་འཕགས་བོད་ས་མཚམས་བར་སྦག་སྦག་སྐོར་སྐྱོད་གནང་སྟེ། ལམ་བར་གྱི་གྲོང་ཁྱེར་ཆེ་ཁག་ཡོངས་ནས་གསར་འགོད་གསལ་བསྒྲགས་གནང་རྒྱུ་ཡིན་པ་མ་ཟད། དམིགས་བསལ་དུ་འཕགས་བོད་ས་མཚམས་སུ་ཡང་གཞི་རྒྱ་ཆེ་བའི་གསར་འགོད་གསལ་བསྒྲགས་གནང་རྒྱ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།