Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌ་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་ཆེད་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་པར་གསུངས་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་སྲིད་བྱུས་དང་འབྲེལ་མཐུད་ངེས་སྟོན་པ་ Shawn Steil ལགས་ཀྱིས། ཡུལ་དེའི་གྲོས་ཚོགས་འོག་མའི་རྒྱ་ནག་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག ཁེ་ན་ཌ་གཞུང་གི་ངོས་ནས་བོད་རྒྱ་ཞི་མོལ་ཡོང་དགོས་པར་རྒྱབ་སྐྱོར་གཙང་མ་ཞུ་ཡི་ཡོད་སྐོར་དང་འབྲེལ། དེང་སྐབས་རྒྱ་ནག་གཞུང་གིས་བྱེད་ཕྱོགས་ལ་བལྟས་ལ་བོད་རྒྱ་ཞི་མོལ་བྱེད་འདོད་ཡོད་པའི་རྣམ་པ་མངོན་རྒྱུ་མེད་ཀྱང་། ཁེ་ན་ཌ་གཞུང་གིས་བོད་རྒྱ་ཞི་མོལ་ཡོང་ཐབས་ཐོག་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུགདེ་ཡང་ཁ་སང་ཁེ་ན་ཌ་གྲོས་ཚོགས་འོག་མའི་རྒྱ་ནག་ཚོགས་ཆུང་གི་ངོས་ནས་ཕྱི་དྲོ་ཕྱག་དྲོ་ཕྱག་ཚོད་ ༦།༣༠ ཡོལ་ཙམ་ནས་འགོ་བཙུགས་ཏེ་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་དྲ་རྒྱ་བརྒྱུད། བོད་ཀྱི་གནད་དོན་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་གནང་འདུག ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Geoff Regan ལགས་ཀྱི་གཙོ་སྐྱོང་འོག ཚོགས་གཙོ་གཞོན་པ་གྲོས་ཚོགས་འཐུས་མི་ Garnett Genuis དང་། Stephane Bergeron དེ་བཞིན་ Jack Harris བཅས་གསུམ་དང་། གཞན་ཚོགས་མི་ ༤ དང་གྲོས་ཚོགས་འཐུས་མི་ Arif Virani བཅས་ནས་མཉམ་ཞུགས་གནང་སྟེ། སྐུ་ཞབས་ Shawn Steil ལགས་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་དྲི་བ་དྲིས་ལན་གནང་འདུག

སྐབས་དེར། ཚོགས་ཞུགས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་རྒྱ་ཞི་མོལ་གྱི་གནས་སྟངས་དང་། ཞི་མོལ་ཡོང་བར་འགོག་རྐྱེན་བཅས་ཀྱི་སྐོར་གྱི་དྲི་བར་ལན་འདེབས་ཁྲོད། ཁོང་གིས་ཉེ་སྔོན་སྲིད་སྐྱོང་བློ་བཟང་སེང་དགེ་མཆོག་གིས་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་གསུངས་པ་བཞིན། བོད་མིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོག་ནས་བོད་རྒྱའི་གནད་དོན་སེལ་རྒྱུའི་འདུན་པ་ཤུགས་ཆེར་ཡོད་པ་མངོན་རྒྱུ་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་འཛིན་སྟངས་དང་། ༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཁ་བྲལ་བར་ཡང་ཡང་འགྲེལ་བརྗོད་བྱེད་བཞིན་པ་སོགས། འདས་པའི་དུས་ཚོད་ནང་བོད་རྒྱ་ཞི་མོལ་བྱེད་རྒྱུ་མེད་པའི་རྣམ་འགྱུར་ཤུགས་ཆེ་རུ་བཏང་ཡོད་པ་དེ་ལྟར་ཡང་། ཁེ་ན་ཌ་གཞུང་གི་ངོས་ནས་བོད་རྒྱ་ཞི་མོལ་བྱུང་བ་ཡིན་ན་དེས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཡིད་ཆེད་དང་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་བཞིན། ཞི་མོལ་ཡོང་བར་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག  སྐུ་ཞབས་ Shawn Steil ལགས་ཀྱི་ད་དུང་། ཁེ་ན་ཌ་གཞུང་གི་ངོས་ནས་རྩ་བའི་བོད་རང་སྐྱོང་ལྗོངས་ཀྱི་བདག་དབང་རྒྱ་མིར་ཡོད་པ་ངོས་འཛིན་གནང་བའི་ཐོག་ནས།  རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་ཞི་མོལ་གནང་དགོས་པ་དུས་རྟག་ཏུ་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། དེ་གའི་གཞུང་གི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ལ་བཞེངས་ཕྱོགས་དམིགས་བསལ་འཛིན་གྱི་མེད་ཀྱང་། སྲིད་སྐྱོང་བློ་བཟང་སེང་དགེ་མཆོག་དང་བོད་མི་རྣམ་གྱི་དབུ་མའི་ལམ་གྱི་སྐོར་ལ་འགྲེལ་བརྗོད་གནང་བའི་ནང་དུ། བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་སྐོར་རྩ་བ་ནས་བཤད་བཞིན་མེད་སྟབས། རྒྱ་ནག་གཞུང་གི་བོད་མིའི་ཁ་བྲལ་རྩོད་བཞིན་ཡོད་པའི་སྐྱོན་བརྗོད་དེ་ཡང་རང་གི་ནོར་བ་ཡིན་པར་གསུངས་བ་དང་སྦྲགས།

དེ་བཞིན་ཁོང་གིས་རྩ་བའི་ཁེ་ན་ཌ་གཞུང་གི་ངོས་ནས་དུས་ཡུན་རིང་པོ་ཞིག་གི་ནང་དུ་བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་མེད་ཀྱང་། རྒྱ་ནག་གཞུང་གི་སྔར་ལས་དྲག་གནོན་ཤུགས་ཆེ་རུ་བཏང་བ་སོགས་བོད་དོན་གྱི་སྲིད་བྱུས་ལ་འགྱུར་བ་རིམ་པ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་འཛུགས་སྐྲུན་འོག་བོད་མིའི་འཚོ་བའི་གནས་སྟངས་ཡག་པོ་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། དཔལ་འབྱོར་གྱི་ཁེ་ཕན་ཕལ་ཆེ་བ་ཕྱི་ཕྱོགས་ཀྱི་ཚོང་བ་རྣམས་ལ་ཐོབ་ཀྱི་ཡོད་པ་དང་ཞིང་འབྲོག་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་དེ་རག་གི་མེད་པ་གསུངས་འདུག

དེ་བཞིན་ཁོང་གིས་ཉེ་ཆར་ཁེ་ན་ཌའི་གཞུང་ཚབ་པ Barton ལགས་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་གཞན་ཁག་ཅིག་དང་ལྷན་དུ་བོད་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་སྐོར་དང་འབྲེལ། སྐོར་བསྐྱོད་དེ་ནི་ཕྱི་ལོ་ ༢༠༡༥ རྗེས་སུ་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་ཕེབས་པ་ཐོག་མ་དེ་ཡིན་པ་དང་། གཞུང་ཚབ་པ་ཁོང་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་ཀྱང་། ཕྱོགས་བསྐྱོད་དེ་བཞིན་རྒྱ་ནག་གཞུང་གི་སྟངས་འཛིན་དོ་དམ་ཤུགས་ཆེའི་འོག་ཕེབས་དགོས་བྱུང་ཡོད་པ་མངོན་གསལ་གནང་འདུགཁ་སང་གི་ཉན་ཞིབ་ཐོག་སྐུ་ཞབས་ Shawn ལགས་ཀྱི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྩིས་མེད་གཏོང་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་ཞིང་འབྲོག་མང་ཚོགས་ཕོན་ཆེར་གཞིས་སྤོར་བཏང་སྟེ་ངལ་རྩོལ་ར་བའི་ནང་དུ་འཇོག་གི་ཡོད་པའི་གནད་དོན། དེ་བཞིན་རྒྱ་ནག་གཞུང་གི་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་སྐོར་དང་འབྲེལ། བོད་ནང་བོད་མིར་འགྲུལ་བསྐྱོད་རང་དབང་མེད་པའི་སྐོར་ལ་གསུངས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་སྐོར་ཁེ་ན་ཌ་གཞུང་གི་བཞེངས་ཕྱོགས་དང་འབྲེལ། ཁོང་གིས་ཁེ་ན་ཌ་གཞུང་གི་ངོས་ནས་བོད་མི་རྣམས་ལ་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གདམ་རྒྱུའི་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་ཞུ་བཞིན་ཡོད་སྐོར་གསུངས་འདུག

དེ་བཞིན་ཁོང་གིས་དེང་སྐབས་རྒྱ་གཞུང་གི་དམ་དྲག་འོག  བོད་ནང་འགྲུལ་བསྐྱོད་ཧ་ཅང་ཁག་པོ་ཡོད་པ་དང་། གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་གོ་སྐབས་ཐོབ་པ་ཡིན་ནའང་དོ་དམ་ཆེན་པོའི་འོག་འགྲོ་བསྐྱོད་དགོས་པ།  ཁེ་ན་ཌ་གཞུང་གི་ངོས་ནས་བོད་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་དང་འབྲེལ། བོད་ནང་རྒྱ་གཞུང་གི་དཔལ་འབྱོར་འཛུག་སྐྲུན་ཐད་ཡར་རྒྱས་ཆེན་པོ་བཏང་ཡོད་ཀྱང་། དེས་བོད་མིའི་ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ལ་ཁེ་ཕན་མེད་སྐོར་དང་འབྲེལ།  ཁེ་ན་ཌ་ཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་སླད་བོད་ནང་བསྐྱོད་རྒྱུའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཡིན་སྐོར་དང་སྦྲགས། དེང་སྐབས་ཧོང་ཀོང་དང་ཤིན་ཅང་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་ཆེན་པོ་སླེབས་བཞིན་ཡོད་ཀྱང་། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་པ་བརྗེད་རྒྱུ་མེད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།