Australia ཡི་ Brisbane གྲོང་ཁྱེར་དུ་གནས་བཞུགས་བོད་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་དང་ཁོང་གི་ཕྱགས་རོག་ Laurie Anderson ལགས། Jesse Paris Smith ལགས་བཅས་མཉམ་འབྲེལ་གྱིས་འདོན་སྤེལ་གནང་བའི་བར་དོ་ཞེས་པའི་གླུ་གཞས་ཀྱི་སྐད་འཁོར་འདི་བཞིན་རྒྱལ་སྤྱིའི་ཁྲོད་སྙན་གྲགས་ཆེ་བའི་ Grammy རོལ་དབྱངས་ཀྱི་གཟེངས་བསྟོད་བྱ་དགའི་འོས་མིའི་ཁོངས་སུ་ཚུད་འདུག
དེ་རིང་གཞས་པ་ཁོང་གིས་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་གྷར་མེཡི་གཟེངས་བསྟོད་བྱ་དགའི་ཁྲོད་ཚན་པ་ཁག་ ༨༣ ཙམ་ཡོད་པའི་ཁོངས་ནས་ཁོང་གི་སྐད་འཁོར་དེ་ Best new age album འམ་དུས་རབས་གསར་པའི་སྐད་འཁོར་ལེགས་ཤོས་ཁོངས་སུ་མིང་འདོན་གནང་ཡོད་པ་དང་ གྷར་མེཡི་གཟེངས་བསྟོད་བྱ་དགའ་ཐེངས་ ༦༣ པའི་མཛད་སྒོ་དངོས་དེ་རིང་མིན་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་འཚོགས་གཏན་ཁེལ་ཡོད་པ་རེད།
གསར་འགོད་པས་བསྟན་འཛིན་ཆོས་རྒྱལ་ལགས་སུ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གི་གནད་ཚུལ་དེ་ཐོས་མ་ཐག་ཏུ་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་གིས་འདས་པའི་ལོ་ ༣༠ ལྷག་ཙམ་གྱི་ཁྲོད་སྒྱུ་རྩལ་གྱི་ལམ་ནས་རང་ཉིད་བོད་པ་ཡིན་པའི་ཚོར་བ་དེ་མང་ཚོགས་ལ་མངོན་གསལ་ཞུ་ཐབས་གནང་ཡོད་པ་བཞིན་ཆེ་བསྟོད་དེའི་ཐོག་སྒེར་གྱི་ངོས་ནས་དེ་འབྲེལ་ལེགས་སྐྱེས་ཕུལ་ཐུབ་པའི་རེ་སྨོན་གནང་བཞིན་ཡོད་པ་གསུངས་ཡོད།
སྤྱིར་བསྟན་འཛིན་ཆོས་རྒྱལ་ལགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁོངས་སུ་གཞས་པ་དང་གཞས་མ་མི་ཉུང་བ་ཞིག་ཡོད་པ་ལས་ Philip Glass དང་། Jesse Paris Smith སོགས་ཕྱི་རྒྱལ་བའི་སྒྱུ་རྩལ་བ་གྲགས་ཅན་མང་དག་ཅིག་དང་ལྷན་རྒྱལ་སྤྱིའི་རོལ་དབྱངས་ཀྱི་གླེང་སྟེགས་འདྲ་མིན་ཐོག་མཉམ་ཞུགས་གནང་མཁན་དེང་དུས་ཀྱི་གཞས་པ་ཞིག་ཆགས་ཡོད། ཁོང་གིས་ཐོག་མར་ལོ་ཤས་གོང་རང་ཉིད་ཀྱི་ཨ་མ་ལགས་དགོངས་པ་རྫོགས་པའི་རྗེས་བར་དོའི་རྣམ་གཞག་ལ་ཐུགས་སྣང་གནང་ཡོད་པ་དང་། དེ་རྗེས་རིམ་བཞིན་ཕྱག་རོགས་སྒྱུ་རྩལ་བ་གཉིས་དང་ལྷན་རོལ་དབྱངས་ཀྱི་ལམ་ནས་བར་དོ་ངོ་སྤྲོད་གནང་བའི་སྐད་འཁོར་དེ་འདོན་སྤེལ་གནང་ཡོད་པ་རེད།
གཞི་རྩའི་བསྟན་འཛིན་ཆོས་རྒྱལ་ལགས་སུ་དེ་སྔ་ཨོ་སི་ཊོ་ལི་ཡའི་རོལ་དབྱངས་ཀྱི་ གཟེངས་བསྟོད་བྱ་དགའ་གྲགས་ཅན་ Queensland music awards ཁོངས་སུ་གཟེངས་རྟགས་ཐོབ་མྱོང་ཡོད་པ་དང་། ཁོང་གིས་རྣམ་ཀུན་ནས་ཡུལ་དེའི་ནང་གི་རོལ་དབྱངས་འདུ་འཛོམས་གྲགས་ཅན་མང་དག་ཐོག་ལྷན་ཞུགས་གནང་བ་ཙམ་མིན་པར་ཁོང་གིས་རྐང་འགན་བཞེས་ཐོག་ལོ་ལྟར་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་སྟེ་བོད་ཕྲུག་ཁྱིམ་སྡེར་དངུལ་གྱི་ཕྱག་རོགས་གནང་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གྷར་མེཡི་རོལ་དབྱངས་གཟེངས་བསྟོད་བྱ་དགའི་ཁོངས་སུ་ད་བར་བཙན་བྱོལ་ཁྲོད་གླིང་བུ་མཁས་ཅན་ངག་དབང་མཁས་མཆོག་ལགས་དང་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞིའི་ཆོས་དབྱངས་འོས་མིར་ཚུད་ཡོད་ཀྱང་། ད་བར་དངོས་སུ་བྱ་དགའ་དེ་བཞེས་མཁན་བྱུང་མེད་པ་རེད།
བར་དོ་ཞེས་པའི་སྐད་འཁོར་དེ་ Grammy གཟེངས་བསྟོད་བྱ་དགའི་འོས་མིར་ཚུད་འདུག
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




