Tibetan Royal Year of 2151 | Year of the Wood Dragon

Chen Quanguo དབྱིན་ཡུལ་དུ་སྐྱོད་རྒྱུ་བཀག་སྡོམ་དགོས་པའི་ཞུ་སྐུལ།  

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས། དབྱིན་ཡུལ་བོད་རིགས་ཚོགས་པ་བཅས་ མཉམ་འབྲེལ་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་སུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྒྱ་ནག་དབུས་ལྷན་ཁང་གི་ཚོགས་མི་ Chen Quanguo དབྱིན་ཡུལ་དུ་སྐྱོད་རྒྱུ་བཀག་སྡོམ་གནང་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཚོགས་པ་དེ་དག་གིས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བར་ Chen Quanguo ནི་བོད་མི་དང་ཡུ་གུར་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་བཅས་པ་རྩ་གཏོར་དང་འཆར་གཞི་ལྡན་པའི་ཐོག་ནས་མང་ཚོགས་ལ་སོ་ལྟ་བ་དང། མནར་གཅོད་། དེ་བཞིན་མང་ཚོགས་ས་ཡ་མང་པོ་ངལ་རྩོལ་བསྒྱུར་བཀོད་སོགས་ཆེས་ཞན་པའི་ལད་དོན་བརྩམ་མཁན་ལྟེ་བ་དེ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཕྱི་སྲིད་བློན་ཆེན་ Dominic Raab ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ནང་ global human rights sanctions regime list ཞེས་པའི་ཁྲིམས་སྒྲིག་གཏན་འབེབས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་མཁན་སྤྱི་སྒེར་སུ་རུང་ལ་ཡུལ་དེར་སྐྱོད་རྒྱུར་བཀག་སྡོམ་སོགས་སྲིད་དོན་གྱི་ཉེས་ཆད་འགེལ་རྒྱུར་ཁྲིསམ་སྒྲིག་གཏན་འབེབས་གནང་དོན་ལྟར་ Chen Quanguo ལ་དེ་ལྟའི་གནང་འོས་ཡིན་སྐོར་གསུངས་འདུགསྤྱིར་དབྱིན་ཡུལ་གཞུང་གིས་ཁྲིམས་སྒྲིག་དེའི་འོག་མིའི་ཚེ་སྲོག་འཕྲོག་བཅོམ་དང་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད། སྡུག་སྦྱོང་མནར་གཅོད་ཀྱི་ལས་དོན་སྤེལ་མཁན་གྱི་གང་ཟག་རྣམས་ཡུལ་དེའི་ནང་སྐྱོད་རྒྱུར་བཀག་སྡོམ་གནང་བ་ཙམ་མ་ཟད། དེ་དག་གི་རྒྱུ་ནོར་ཡོངས་རྫོགས་བཀག་སྐྱིལ་གནང་བ་སོགས་སྲིད་དོན་གྱི་ཉེས་ཆད་ཐག་གཅོད་གནང་གི་ཡོད་པ་དང་། བོད་རང་དབང་ཚོགས་པས་ Chen Quanguo ལ་ཆ་རྐྱེན་དེ་དག་གསུམ་པོ་ཚང་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས་ཏར་ཅི་སྟེ་དབྱིན་ཡུལ་གཞུང་གིས་ Chen Quanguo ལ་ཆད་པ་གཏང་ཚེ་དེས་རྒྱལ་སྤྱིའི་ཁྲོད་ཁོ་པ་མི་སྤྱོད་ལས་འདས་པའི་ནག་ཉེས་སྤེལ་མཁན་ཞིག་ཡིན་པར་མངོན་གསལ་གནང་ཐུབ་པ་མ་ཟད། རྒྱ་ནག་གཞུང་ལའང་དབྱིན་ཡུལ་གྱིས་རྒྱ་ནག་གིས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་ལས་དོན་སྤེལ་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བརྡ་ལན་གསལ་པོ་ཞིག་གནང་ཐུབ་ངེས་ཡིན་སྐོར་གསུངས་འདུག

བོད་རང་དབང་ཚོགས་པའི་དྲྭ་གནས་ཐོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་ལ་ད་རེས་ཀྱི་གནད་དོན་ཐོག་ཞུ་གཏུག་གནང་རྒྱུའི་ལས་འགུལ་ལ་མཉམ་ཞུགས་གནང་རྒྱུ་ཡོད་པ་བཟོས་འདུག་པ་དང་། ཉིན་རྒྱབ་དྲ་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སྟེ་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ Rahima Mahmut ལགས་དང་ཚོགས་པའི་བོད་གནས་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་སོགས་དབུས་པའི་འབྲེལ་ཡོད་མཁས་དབང་ཁག་ཅིག་གི་གཏམ་བཤད་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།