རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་མཉེན་ཆས་༤༣ བཀག་སྡོམ་གནང་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་བརྡ་འཕྲིན་དང་འཕྲིན་ལས་བློན་ཆེན་ལས་ཁུངས་ཀྱིས་རྒྱ་ནག་གི་ཚོང་ལས་ཀྱི་དྲ་རྒྱ། AliExpress ཀྱི་གཙོ་བྱས་པའི་མཉེན་ཆས་ཁག་༤༣ བཀག་སྡོམ་བྱས་ཏེ། མཉེན་ཆས་དེ་དག་གིས་རྒྱ་གར་གྱི་ས་ཁོངས་བདག་དབང་དང་ཆིག་སྒྲིལ། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་དོ་ཕོག་འགྲོ་བཞིན་ཡོད་པར་གཞིར་བཞག་གིས་བཀག་སྡོམ་བྱས་པ་ཞིག་ཡིན་པར་བརྗོད་འདུགདེ་བཞིན་ཐེངས་འདིར་སླར་ཡང་རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱས་པ་དེ་ནི་རྒྱ་གར་གྱི་ནང་སྲིད་ཁྱབ་ཁོངས་ཀྱི་དྲྭ་རྒྱའི་ཉེས་དོན་མཐུན་སྦྱོར་ལྟེ་གནས་ཁང་གིས་སྙན་ཐོ་བཏོན་པ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་པའི་འགུལ་སྐྱོད་ཅིག་ཡིན་པར་འཁོད་འདུག

ཐེངས་འདིའི་མཉེན་ཆས་བཀག་སྡོམ་དང་འབྲེལ་ནས། རྒྱ་གར་གྱི་དྲྭ་ཐོག་གི་བརྙན་བཟོ་ཁང་། VideoMeet Pvt Ltd ཞེས་པའི་གཙོ་འཛིན། སྐུ་ཞབས་ Ajay ལགས་ཀྱིས།  རྒྱ་གར་དབུས་གཞུང་གིས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱས་པ་དེ་ནི་ས་ཁོངས་ཆབ་སྲིད་ཀྱི་སེམས་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་ ། རྒྱ་ནག་གི་མཉེན་ཆས་དེ་དག་གིས་ཕུགས་རྒྱང་རིང་པོའི་ཐོག་རྒྱ་གར་གྱི་ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་ཡང་ཤེས་རྟོག་བྱུང་ཡོད་སྟབས་སྲིད་གཞུང་གི་ཐག་གཅོད་དེར་རྒྱབ་སྐྱོར་ཡོད། དེ་བཞིན་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་བྱས་པ་དེ་ཡིས་རྒྱ་གར་ནང་གི་བརྡ་འཕྲིན་འཕྲུལ་ལས་ཀྱི་རིགས་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་པར་གསུངས་འདུག

དེ་བཞིན་བརྡ་འཕྲིན་འཕྲུལ་ལས་ཁང་གི་སྐུ་ཞབས་ Aditya Narang ལགས་ཀྱིས་ཀྱང་། རྒྱ་ནག་གི་མཉེན་ཆས་དེ་དག་བཀག་སྡོམ་བྱས་པར་རྒྱབ་སྐྱོར་ཡོད་ལུགས་དང་འབྲེལ་ནས། རྒྱ་ནག་གི་མཉེན་ཆས་དེ་དག་བརྒྱུད་དོ་བདག་གིས་ཤེས་རྟོག་མེད་པའི་ཐོག་ནས་མི་སྒེར་གྱི་གསང་བའི་གནད་དོན་མང་པོ་ཞིག་སྐུ་འཁྱེར་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག

གཞི་རྩའི་འདི་ལོར་རྒྱ་དཀར་ནག་གི་བར་དུ་འཕགས་བོད་ས་མཚམས་ཀྱི་ས་ཆའི་བདག་དབང་གི་ཐད་ནས་གདོང་ཐུག་ཡང་བྱུང་སྟེ་ཕན་ཚུན་གྱི་མཐའ་སྲུང་གི་དམག་མིའི་ཚེ་སྲོག་ཤོར་བའི་དོན་རྐྱེན་བྱུང་ཡོད་པ་ལྟར།  དུས་ད་ལྟའང་ཕྱོགས་གཉིས་ཀྱིས་ས་མཚམས་ཁག་ཏུ་དམག་མི་འགྲེམས་འཇོག་དང་གོ་མཚོན་འབོར་འདྲེན་གྱི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་པའི་རྣོ་ངར་རང་བཞིན་གྱི་རྩོད་རྙོག་ཆེ་རུ་འགྲོ་བཞིན་པ་པ་དང་། དེ་བཞིན་འདི་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱ་གར་གྱི་ནང་དུ་མི་མང་གི་ཚེ་སྲོག་ཤོར་བ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཚོང་ལས་ཀྱི་མ་དངུལ་ལ་ཉམས་རྒུད་ཕྱིན་པ་སོགས་ཀྱི་ཤུགས་རྐྱེན་གྱི་ཁྲོད་དུ། ད་ཆ་རྒྱ་ནག་དཀར་ནག་གི་བར་དུ་ཕྱོགས་མང་པོ་ནས་ཞེ་འཁོན་གྱི་ངར་ཤུགས་གསར་བ་ཞིག་སླེབས་ཡོད་པ་མ་ཟད། འདི་ལོར་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་དངོས་ཟོག་བཀག་སྡོམ་བྱེད་དགོས་བའི་མི་མང་རང་བཞིན་གྱི་ངོ་རྒོལ་ཡང་རིམ་པ་བྱུང་ཡོད་པ་རེད།   གནད་དོན་འདི་དག་གི་རྐྱེན་བྱས་ཏེ།  འདི་ལོའི་ཟླ་བ་ ༧ པའི་ཚེས་ ༢༩ ཉིན་རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་ ༥༩ ལྷག་བཀག་སྡོམ་བྱས་པ་དང་། དེ་བཞིན་ཟླ་བ་ ༡༠ པའི་ཚེས་ ༢ ཉིན་སླར་ཡང་རྒྱ་ནག་གི་མཉེན་ཆས་ ༡༡༨ ལྷག་བཀག་སྡོམ་བྱས་ཡོད་ལྟར། ཐེངས་འདིའི་མཉེན་ཆས་ ༤༣ སླར་ཡང་ཡང་བཀག་པ་དེ་ནི་འགུལ་སྐྱོད་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026