རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་གཞན་ཚོར་དོ་དམ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་བྲང་གི་བདག་དབང་ལ་རྩོད་ལེན་བྱེད་བཞིན་པ་ནི་བོད་དང་བོད་མི་ཙམ་མ་ཟད་འཛམ་གླིང་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་ཚོའི་ཐོག་དོ་དམ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཅེས་བརྗོད་འདུག
༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ནས་འདི་ལོར་མི་ལོ་ ༢༥ འཁོར་བའི་དུས་ཚིགས་དང་འབྲེལ། འདི་ལོའི་ཟླ་ ༦ ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་གི་ཆེད་མཁས་པ་ལྔ་ཡིས་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་གི་གནས་བབ་ཇི་ཆགས་སྐོར་གྱི་གནས་ཚུལ་ཁ་གསལ་དགོས་པའི་དགོས་འདུན་བཏོན་པའི་འདྲི་རྩད་གནང་བར་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་བརྡ་ལན་ཞིག་ཕུལ་བ་ཞིག་སུད་སིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱིས་ཉེ་ཆར་ཡོངས་གྲགས་གནང་ཡོད།
ད་ལན་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིི་མ་མཆོག་གི་གནད་དོན་ཐོག་ལན་འདེབས་བྱས་པའི་ཡིག་ཆའི་ནང་གསལ་བར་གཞིགས་ན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་མི་སེར་དཀྱུས་མ་ཞིག་ཡིན་ཞིང་། ད་ཆ་སློབ་སྦྱོང་ཐོན་རྗེས་ཕྱག་ལས་གནང་བཞིན་ཡོད་ཅེས་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ནང་མི་ལྷན་རྒྱས་ནས་བསུན་པོ་བཟོ་རྒྱུར་མཉེས་པོ་གནང་གི་མ་རེད་ཅེས་སྔར་རྒྱུན་ལྟར་ལན་འདེབས་བསྐྱར་ནན་བྱས་ཡོད་པ་ལས། རིན་པོ་ཆེའི་གནད་དོན་སྐོར་ཁ་གསལ་གང་ཡང་ལན་འདེབས་བྱས་མི་འདུག
རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་གཙོས་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་རྒྱུའི་གནད་དོན་འདི་ནི་རྒྱ་ནག་རྒྱལ་ནང་གནད་དོན་ཞིག་ཡིན་པ་ལས་ཕྱི་ནས་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་ལུགས་ལན་འདེབས་བྱས་འདུག
རྒྱལ་ཚོགས་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་གཙོས་བོད་དོན་ཞུ་གཏུག་གནང་མཁན་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་ཐོུང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐོབ་ཐང་མེད་ཅེས་རྒྱ་གཞུང་གིས་ད་ལན་སྤེལ་བའི་འཁྱོག་བཤད་ལན་འདེབས་ལ་སྐྱོན་བརྗོད་གནང་འདུག་པར་མ་ཟད། དེ་བཞིན་རྒྱ་གཞུང་གིས་ཕྱོགས་གཅིག་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་གི་བདག་དབང་ལ་རྩོད་ལེན་བྱེད་བཞིན་པ་ནི་བོད་དང་བོད་མི་ཙམ་མིན་པར་འཛམ་གླིང་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྒྱལ་ཁབ་ཚོའི་ཐོག་དོ་དམ་སྟངས་འཛིན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་ཅེས་བརྗོད་འདུག
དོན་གཅོད་འཆེ་མེད་རིག་འཛིན་ལགས་ཀྱིས་ཉེ་སྔོན་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་སྡེ་ཁག་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་གནང་བ་དང་འབྲེལ། ཁྱད་ལས་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་སྲོལ་ཐོག་ཐེ་བྱུས་ཀྱིས་ཁྲིམས་སྒྲིག་བཟོས་པའི་གནད་དོན་ནི་བློ་འཚབ་གནང་གཞི་ལས་མ་འདས་པ་ཞིག་དང་། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་པ་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཁྱད་གསོད་བྱས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་འབྲུ་དོན་རྡོག་རོལ་བཏང་བ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
དོན་གཅོད་འཆེ་མེད་རིག་འཛིན་ལགས་ཀྱིས་ད་དུང་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ང་ཚོ་བོད་མི་ཚོར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བཅས་ཏེ་བདེན་དཔང་ཡོད་སྟབས་མུ་མཐུད་ནས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ཁག་ལ་ཞུ་གཏུག་སྙན་སེང་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།
གཞི་རྩའི་སྔ་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱལ་ཚོགས་ཀྱི་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བའི་དམིགས་བསལ་ལས་དོན་ཚོགས་ཆུང་དང་སྡུག་སྦྱོང་བཀག་ཉར་འགོག་ཐབས་ཀྱི་ཁྱད་ལས་རྟོག་ཞིབ་མི་སྣ། རིག་གཞུང་རང་དབང་དང་འབྲེལ་བའི་ཐོག་གི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ། གྲངས་ཉུང་མི་རིགས་ཐོག་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ། དེ་བཞིན་ཆོས་དད་རང་དབང་གི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣའི་སྡེ་ཁག་ལྔ་མཉམ་འཐུས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་ལན་འདེབས་ཁ་གསལ་དགོས་པའི་འདྲི་རྩད་སྔ་རྗེས་སུ་གནང་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་ནས་རྒྱུན་ལྡན་གྱི་ལན་འདེབས་བསྐྱར་བཤད་བྱས་པ་ལས་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཁག་གི་རེ་འདུན་ལྟར་ཞུས་མེད་པ་རེད།
རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་བའི་ཁྱད་ལས་ལས་དོན་ཚོགས་ཆུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལན་འདེབས་མཐའ་མ་དེ་ཕྱི་ལོ་ ༢༠༡༣ ལོར་པུལ་ཡོད་པ་རེད། འོན་ཀྱང་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཁྱད་ལས་ལས་དོན་ཚོགས་ཆུང་ཁག་ནས་སྔ་ལོ་དང་འདི་ལོ་བཅས་སུ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་འབྲེལ་ནས་འདྲི་རྩད་ལན་མང་གནང་བར་བརྟེན་ནས་ལོ་མང་པོའི་རྗེས་སུ་རྒྱ་གཞུང་ནས་སྔ་རྗེས་སུ་རྒྱལ་ཚོགས་ལ་ཡིག་ཐོག་ནས་ལན་འདེབས་ཐེངས་གཉིས་ཕུལ་དགོས་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026