བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཞིས་དགོན་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ།

Tibetan News Headlines

  • Dalai Lama Grants Audience to 380 Devotees, Says Life’s Purpose Is to Help Others
  • 49-Day Prayer Service for Late Ngari Rinpoche Held in Dharamshala
  • 9th Non-Sectarian Seminar on Great Canonical Texts Begins at Pal Shenten Menri Ling
  • Tibetan Advocacy Group Condemns Nepal International Film Festival for Screening ‘Xizang Panorama’ China-Backed Propaganda Films on Tibet
  • 31st GCMGC Football Tournament Kicks Off in Kollegal Dhondenling
  • New York Hosts First North American Tibetan Weekend Schools Art and Literary Competition Honoring Dalai Lama’s 90th Birthday

ཪེས་གཟའ་ཟླ་བ། ༢༠༢༦།༠༤།༠༦

  • འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།
  • བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
  • གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།
  • བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
  • བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་དབར་གྱི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

དེ་རངི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཞིས་དགོན་ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།

Pokhra Gaden Dhargayling offers ‘Tenshug’ to the Dalai Lama

དེ་ཡང་འདི་ལོ་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་བཀྲ་ཤིས་གླིང་བོད་མིའི་གཞིས་དགོན་ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་ངོས་ནས་་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཕྱིར་དུ་དེ་རིང་དངོས་སུ་ཕོ་བྲང་པོ་ཏཱ་ལ་གཉིས་པ་ལྟ་བུར་རྩིས་ཀྱི་ཡོད་པའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཅར་ཏེ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ་ཞིག་རེད་འདུག

Pokhra Gaden Dhargayling offers ‘Tenshug’ to the Dalai Lama

དེ་རིང་གཟིམ་ཆུང་དུ་བརྟན་བཞུགས་བསྟར་འབུལ་གྲུབ་མཚམས་སུ་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།  སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཞིས་དགོན་གྱི་སྤྲུལ་སྐུ་དར་གླིང་མཆོག་སྤྲུལ་བློ་བཟང་འཇམ་དབྱངས་མཆོག་གིས་གསུངས་པ་ལྟར་ན། ༸གང་ཉིད་མཆོག་གི་སྐུ་ཚེ་ཚེ་སྒྲུབ་ཆེད་འདི་ལོའི་ཟླ་ ༤ པའི་ནང་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་སྐུ་དཀར་གསོལ་བ་དང་སྟོང་མཆོད་རེ་ཕུལ་ཡིན་པ་མ་ཟད།  རིན་པོ་ཆེ་མཆོག་སྐུ་ཉིད་ཀྱི་དགོན་པའི་ནང་དུ་ཡང་རྗེ་བཙུན་སྒྲོལ་མའི་སྟོང་མཆོད་དང་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་ཞུས་པ་སོགས་གཙོ་བོ་༸རྒྱལ་བ་རིན་པ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུ་དེ་ཡིན་དུས་༸གང་ཉིད་མཆོག་སྐུ་ཚེ་བརྟན་པའི་ཆེད་དུ་གལ་ཆེ་ཤོས་ནི་ང་རང་ཚོ་བོད་པ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་༸སྐྱབས་མགོན་རིན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་གཅིག་བྱ་དགོས་གལ་ཡིན་པ་གསུངས་གནང་སོང་། 

39th Mind and Life

གཞན་ཡང་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༡༤ ནས་ ༡༦ བར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ནང་དུ་འཚོགས་པའི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ པའི་ཚོགས་བཅར་ལ་ཡོངས་ལའང་དམིགས་བསལ་མཇལ་ཁ་སྕལ་གནང་འདུག་པ་དང་།  དེ་འབྲེལ་འདི་གའི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་དེར་ཚོགས་བཅར་བའི་ངོ་བོའི་ཐོག་བཅར་མཁན་༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས།  དེ་རིང་མཇལ་ཁའི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལན་གྱི་བགྲོ་གླེང་ཚོགས་འདུའི་སྐོར་སྙན་སེང་ཙམ་མ་ཟད་༸གང་ཉིད་ཀྱི་དགོངས་བཞེས་གཞིར་བཟུང་སེམས་དང་སྲོག་གི་བགྲོ་གླེང་དེ་མུ་མཐུད་མ་འོངས་པ་ཡང་རྒྱུན་གནས་ཐུབ་པ་བྱ་རྒྱུ་ཡིན་སྐོར་ཞུས་ཡིན་ཞེས་དང་།  ༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཀྱང་བགྲོ་གླེང་དེ་རིགས་ཀྱི་ཁྲོད་བསམ་ཚུལ་མང་པོ་ཞིག་ལ་དཔྱད་པ་བྱེད་རྒྱུའི་གོ་སྐབས་ཡོད་པས་གལ་ཆེན་པོ་རེད་ཅེས་བཀའ་སྩལ་སོང་བ་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་བགྲོ་གླེང་དེ་བཞིན་སྔར་དང་མི་འདྲ་བ་ཉིན་གྲངས་གསུམ་དུ་ཉུང་འཕྲི་བྱས་ཡོད་ནའང་ཚོགས་བཅར་བ་ངོས་ནས་མཉམ་ཞུགས་ཡག་པོ་གནང་སོང་བ་དང་སྤྱི་ཡོངས་ནས་ཕན་ཐོགས་པོ་བྱུང་སོང་ཞེས་གསུངས་སོང་། 

འབྲེལ་ཡོད་གསར་གནས།

གསར་གནས།