བལ་ཡུལ་ནང་གི་བོད་མིའི་དཀའ་ངལ་རྣམས་ལ་འཕྲལ་སེལ་མིན་པར་གཏན་འཇགས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པའི་འབོད་སྐུལ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པའི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་པའི་ཁྲོད། སྤྱི་འཐུས་རྣམ་པས་བལ་ཡུལ་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཐོག་གནས་ཡོད་པའི་བོད་མིའི་གནས་སྟངས་ལ་ཐུགས་འཚབ་ཀྱིས་ཁོང་རྣམས་ལ་འཕྲལ་སེལ་ཙམ་མིན་པར་གཏན་འཇགས་ཀྱི་དཀའ་སེལ་ཐབས་ལམ་ཞིག་འཚོལ་གནང་ཡོང་བའི་འབོད་སྐུལ་ཞུས་སོང་།

དེ་ཡང་ཁ་སང་ཉིན་རྒྱབ་ཀྱི་ཚོགས་ཐེངས་བཞི་པ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པའི་ཁྲོད། སྤྱི་འཐུས་རྣམ་པས་ཡང་ཡང་གླེང་སློང་གནང་བའི་གནད་དོན་གཅིག་ནི་བལ་ཡུལ་ནང་དེ་སྔ་ལོ་མང་པོའི་གོང་ནས་སྐྱབས་བཅོལ་གྱི་གནས་བབ་ཐོག་གནས་བཞིན་པའི་བོད་རིགས་ཁག་ལ་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མེད་པར་གནས་མུས་ཡིན་པར་ཐུགས་འཚབ་ཆེན་པོ་ཡོད་པ་གསུངས་ཏེ། ཁོང་རྣམས་ཀྱི་དཀའ་ངལ་ལ་འཕྲལ་སེལ་མིན་པར་གཏན་འཇགས་ཀྱི་ཐབས་ལམ་ཞིག་འཚོལ་རྒྱུ་ཐད་བཀའ་ཤག་ནས་གང་གནང་ཡོད་མེད་དང་རབ་བྱུང་ན་བལ་ཡུལ་བོད་མི་རྣམས་ཨོ་གླིང་གཞིས་སྤོས་ལས་གཞིའི་ཐོ་གཞུང་ནང་འཇུག་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་བར་ནང་སྲིད་བཀའ་བློན་མཆོག་གིས། བཀའ་ཤག་ངོས་ནས་བལ་ཡུལ་བོད་མིའི་དཀའ་ངལ་ཁག་ལ་ཤེས་རྟོགས་གསལ་པོ་ཡོད་ཀྱང་། འཛམ་གླིང་སྤྱིའི་ཆབ་སྲིད་གནས་སྟངས་དང་། ལྷག་པར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཁྲོད་དེ་འབྲེལ་དཀའ་སེལ་ཐབས་ལམ་འདོན་རྒྱུ་ཁག་པོ་ཆགས་ཡོད་མེད་ལ་མ་ལྟོས་པར་གཞུང་སོ་སོ་དང་གཞུང་ཚབ་ཁག་ལ་འབྲེལ་བ་སྔར་ལྷག་གནང་མུས་ཡིན་ཞིང་། རྒྱ་ཆེ་ས་ནས་གནས་སྟངས་ལ་འགྱུར་བ་ཐེབས་དགོས་པར་ད་ལྟའི་བཀའ་ཤག་གི་དུས་ཡུན་ནང་ཨོ་གླིང་གཞིས་སྤོས་ཐོ་གཞུང་གསར་པ་བཞེས་རྒྱུའི་གནས་སྟངས་ཤིག་མེད་པའི་བཀའ་ལན་ཕེབས་སོང་།

དེ་བཞིན་སྐབས་དེར་སྤྱི་འཐུས་ཕལ་ཆེ་བས་གླེང་སློང་གནང་བའི་གནད་དོན་གཞན་ཞིག་ནི་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་ལས་དོན་ཆེ་ཁག་སྤེལ་བཞིན་པའི་ཁོངས། བོད་མི་གཞིས་སྤོས་ལས་གཞི་དེ་ཆགས་ཀྱི་ཡོད་པ་དང་ད་ལྟའི་བཀའ་ཤག་ངོས་ནས་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞིའམ་གཞིས་སྤོས་ལས་གཞི་འོག་ད་བར་བྱེས་འབྱོར་བོད་མི་རྣམས་དང་། གཞིས་སྐལ་མ་ཐོབ་པའི་ཁ་ཐོར་བོད་མི་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་སྦྱོར་མུས་ཡིན་པར་བསྔགས་བརྗོད་དང་སྦྲགས། ལས་གཞི་འདི་ཉིད་མུ་མཐུད་སྤེལ་བ་མ་ཟད་ད་དུང་རྒྱ་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་སོང་ལ་ལས་གཞིས་དེ་སྤེལ་བ་ཙམ་མིན་པར་ཚགས་ཚུད་དང་སྤུས་དག་དགོས་གལ་ཆེ་བར་ལྷག་པར་དེའི་ཁོངས་སུ་ཚུད་པའི་བོད་མི་དེ་དག་གི་ཁྲོད་ནས་ཁག་ཅིག་དཔལ་འབྱོར་གནས་སྟངས་ཡག་པོ་ཡིན་པས་ས་གནས་སོ་སོ་ནས་ཞིབ་འཇུག་དོ་ནན་ག་ཚོད་གནང་མིན་གསུངས་སྟབས། ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་འདིའི་ངོས་ནས་གྲོས་ཚོགས་ལ་སྙན་གསེང་ཞུས་ཐོག་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་གཞིས་སྤོས་ལས་གཞི་དེ་འགྲོ་མུས་ཡིན་ཞིང་། ད་དུང་དུས་ཡུན་ཇི་ཙམ་འགོར་མིན་མ་ལྟོས་པའི་ལས་གཞི་འདི་མུ་མཐུད་རྒྱུན་སྐྱོང་གནང་སྟེ། བཙན་བྱོལ་བོད་མི་སྡོད་ཁང་མེད་མཁན་རྣམས་ལ་སྡོད་ཁང་གསར་རྒྱག་གནང་རྒྱུ་ཡིན་པ་གསུངས་སོང་།

པར་དབང་། Tibetan Parliament-in-Exile/FB page

མ་ཟད་སྤྱི་འཐུས་ཁག་གཅིག་གིས་མཉམ་འབྲེལ་གྱི་གནད་དོན་དང་འབྲེལ། སྦན་རྡ་ར་མཉམ་འབྲེལ་གྱི་ད་ལྟའི་གནས་སྟངས་དང་འབྲེལ་ཡོད་མཉམ་འབྲེལ་དྲུང་ཆེ་དེར་གདོང་ལེན་གྱིས་གནད་དོན་དེ་རིགས་བསྐྱར་ལྡབ་མི་ཡོང་སླད་སྟངས་འཛིན་ཐུབ་རྒྱུ་དང་། དེ་བཞིན་ས་གནས་ཁག་ཏུ་བོད་མིའི་མཉམ་འབྲེལ་དང་ས་གནས་འགོ་འཛིན་གྱི་འབྲེལ་བ་ཚགས་ཚུད་གཏོང་དགོས་གལ་སོགས་ཀྱི་དགོངས་ཚུལ་ཕེབས་པར་ནང་སྲིད་བཀའ་བློན་མཆོག་གིས། གནད་དོན་དེའི་ཐད་རྩད་གཅོད་ཡོངས་རྫོགས་གནང་ཟིན་ཏེ། ས་གནས་ལ་དེ་འབྲེལ་བཀོད་མངགས་ཞུས་ཟིན་པའི་གནས་སྟངས་ལས་འཕྲོས་ནས་བྱེད་ཐབས་གཞན་གང་ཡང་མེད་སྐོར་གསུངས་པ་དང་ཆབས་ཅིག མ་འོངས་གནད་དོན་དེ་རིགས་མི་ཡོང་བའི་ཆེད་ད་ལྟ་ནས་འོག་གྲབས་སྒྲིག་བཞིན་པ་དང་། ལྷག་པར་ཨ་རིའི་མང་གཙོའི་ཐེབས་རྩ་ NDI ཡི་ལས་གཞིའི་འོག་བོད་མིའི་མཉམ་འབྲེལ་ཁྱོན་ཡོངས་ཀྱི་གནས་སྟངས་ཐོག་བསྐྱར་ཞིབ་གནང་ཟིན་ནས་དེའི་གྲུབ་དོན་སྙན་ཐོ་ཞིག་ཀྱང་བཀའ་ཤག་ལ་འབྱོར་ཟིན་པའི་ད་ཆ་དེའི་རྒྱབ་གཉེར་གཞིར་བཟུང་གིས་ཐོག་བཀའ་བསྡུར་གྱིས་ཇི་གནང་དགོས་མིན་ཐད་དགོངས་བཞེས་གནང་རྒྱུ་ཡིན་པ་གསུངས་སོང་།

བགྲོ་གླེང་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་ཁག་གཅིག་གིས་བོད་མིའི་ཞིང་ས་ཁག་ནང་སྒ་སྨུག་འདེབས་ལས་གནང་བཞིན་པ་དང་འབྲེལ། དེས་མ་འོངས་ཐོན་ཁུངས་གཙོས་གནས་སྡོད་མང་ཚོགས་དང་དུད་འགྲོ་སེམས་ཅན་ཚང་མར་གནོད་སྐྱོན་ཚབས་ཆེན་ཐེབས་རྒྱུ་ཉག་ཅིག་ཡིན་པས་དེ་དག་འདེབས་ལས་མི་ཆོག་པའི་ཐོག་ཛ་དྲག་གི་དགོངས་བཞེས་གནང་དགོས་པ་གསུངས་སོང་།

དེ་མིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད། སྤྱི་འཐུས་རྣམ་པས་དེ་སྔ་ས་གནས་ཁག་ཏུ་འཚམས་གཟིགས་ལ་ཕེབས་སྐབས་གཟིགས་ཚུལ་བྱུང་བའི་གནས་སྟངས་དང་། ཞིང་སའི་གནས་སྟངས། སྐྱེ་ལྡན་སོ་ནམ་འདེབས་ལས་ཇི་བྱས་དང་གཞིས་ཁང་གསར་སྐྲུན། དེ་བཞིན་རྒན་གསོའི་རོགས་སྐྱོར་དང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་སོགས་ཀྱི་ཐད་དོགས་འདྲི་དང་དགོངས་ཚུལ་ཕུལ་བ་བཅས་རྩིས་ལོ་ ༢༠༢༥་༢༦ ལོའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་ཆེད། ཧིན་སྒོར་ས་ཡ་དགུ་དང་འབུམ་མེད་དྲུག་ཁྲི་ལྔ་སྟོང་ལྷག་དང་དམིགས་བསལ་ཆེད་ཧིན་སྒོར་ས་ཡ་བརྒྱ་དང་སུམ་ཅུ་བཞི་འབུམ་བརྒྱད་ཁྲི་ལྷག དེ་བཞིན་ཟུར་བཀོལ་ཆེད་ཧིན་སྒོར་ས་ཡ་ལྔ་བརྒྱ་གསུམ་བཅུ་སོ་གཉིས་དང་གཅིག་འབུམ་བདུན་ཁྲི་ལྷག་བཅས་གཏན་འབེབས་གནང་ཡོད།

པར་དབང་། Tibetan Parliament-in-Exile/FB page

རྩ་བའི་དེ་རིང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་རྗེས། ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བལ་ཡུལ་སྐུ་ཚབ་དོན་གཅོད་དང་ཨོ་གླིང་སྐུ་ཚབ་དོན་གཅོད། དེ་བཞིན་ཨ་རི་སྐུ་ཚབ་དོན་གཅོད་དང་འབྲེལ་བའི་ལྷག་སྡད་སྔོན་རྩིས་ཐོག་ཕེབས་ཡོད་པ་དང་། དེའི་ཁྲོད་སྤྱི་འཐུས་རྣམ་པས་གཙོ་བོ་ཨོ་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་དེ་བཞིན་ཉེ་ཆར་ཨ་རི་གཞུང་གིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་རོགས་དངུལ་བཀག་བསྐྱིལ་བྱས་པའི་ཐག་གཅོད་དང་འབྲེལ་ནས་བགྲོ་གླེང་ལྷུག་པོ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026