Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གྲོགས་པོ་རྙིང་གྲས་ Dr. Kapila Vatsyayan ལགས་དགོངས་པ་རྫོགས་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཚུ་ཚོད་ ༩ པའི་ཐོག་བོད་ཀྱི་གྲོགས་པོ་རྙིང་གྲས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་སྒྱུ་རྩལ་བ་གྲགས་ཅན་མཁས་དབང་ Kapila Vatsyayan ལགས་དགུང་ལོ་ ༩༢ ཐོག་རྒྱལ་ས་ལྡི་ལིའི་རང་ཁྱིམ་དུ་སྐུ་ཚེ་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་འདུགམཁས་དབང་ Kapila Vatsyayan ལགས་ནི་ཕྱི་ལོ་ ༡༩༢༨ ལོར་རྒྱལ་ས་ལྡི་ལིར་འཁྲུངས་ཤིང་། འདས་པའི་མི་ཚེའི་ནང་ཤེས་ཡོན་སློབ་གསོ་དང་། རྒྱལ་རབས་རིག་གནས། དེ་བཞིན་རྒྱ་གར་གྱི་མངའ་སྡེ་འདྲ་མིན་གྱི་སྲོལ་རྒྱུན་གླུ་གར་འཁྲབ་གཞུང་སོགས་ཀྱི་ཐོག་ལ་སློབ་གཉེར་རྒྱ་ཆེར་གནང་མྱོང་ཡོད་པ་མ་ཟད། དམ་པ་ཁོང་ནི་༸གོང་ས་མཆོག་དབུས་པའི་བོད་ཀྱི་གནད་དོན་ཐོག་ལ་དུས་རྒྱུན་དུ་ཤ་ཚ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ༸གོང་ས་མཆོག་གིས་དུས་རྒྱུན་དམ་པ་ཁོང་དང་མཇལ་འཕྲད་བྱུང་སྐབས་ཐུགས་མཉེས་པོའི་ཐོག་ཨ་མ་ལགས་ཞེས་གསུང་བཞིན་ཡོད་རེད།

དེ་རིང་འདི་ག་རླུང་འཕྲིན་ཁང་ནས་མཁས་དབང་ Kapila Vatsyayan ལགས་དགོངས་པ་རྫོགས་པའི་གནས་ཚུན་ཐོས་འཕྲལ། དམ་པ་ཁོང་དང་དངོས་སུ་མཇལ་འཕྲད་གནང་མྱོང་ཡོད་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་བཀའ་འདྲི་ཁག་ཅིག་ཞུ་སྐབས། དམ་པ་ཁོང་དེ་སྔ་རྒྱ་གར་དབུས་གཞུང་ནང་ལ་ཕྱག་ལས་གནང་པའི་སྐབས་སུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གསར་འཛུགས་སྐབས་དང་། དེ་བཞིན་བོད་ཁང་གཙོས་པའི་བོད་པའི་རིག་གཞུང་ལྟེ་གནས་ཁག་གསར་འཛུགས་ཀྱིས་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཀྱི་ཐད་ལ་རོགས་རམ་རྒྱ་ཆེར་གནང་ཡོད་པ་མ་ཟད། དམ་པ་ཁོང་གྲོས་ཚོགས་འཐུས་མི་གནང་པའི་སྐབས་སུ་བོད་དོན་ཞུ་གཏུགས་སོགས་ཀྱི་ལས་འགུལ་ལ་ཡང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་རོགས་གནང་མྱོང་ཡོད་པ་དྲན་གསོ་དང་སྦྲགས། ད་རེས་མཁས་དབང་ Kapila Vatsyayan ལགས་བློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་བྱུང་།

རྩ་བའི་ Kapila Vatsyayan ལགས་དམ་ཁོང་གིས་རྒྱ་གར་གྱི་སྲོལ་རྒྱུན་གླུ་གར་འཁྲབ་གཞུང་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ཆེན་པོ་ཡོད་མཁན་ཞིག་ཙམ་མ་ཟད། རྒྱ་གར་དབུས་གཞུང་གི་ཕྱི་འབྲེལ་དང་ཤེས་ཡོན་། འཛིན་སྐྱོང་། དེ་བཞིན་གྲོས་ཚོགས་འཐུས་མིའི་ཐུགས་འགན་སོགས་བཞེས་མྱོང་ཡོད་པ་དང་། ད་བར་ཁོང་གིས་རིག་གནས་དང་འབྲེལ་བའི་དཔེ་དེབ་ ༢༠ འདོན་སྤེལ་གནང་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་གཞུང་གིས་དམ་པ་ཁོང་ལ་ཆེ་བསྟོད་མཚོན་བྱེད་དུ་རྒྱ་གར་སྤྱི་མང་གི་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་གཉིས་པ་ Padma Vibhushan འབུལ་བཞེས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།