Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཀྱྭ་ཀྱྭ་ལགས་གློད་གྲོལ་ཐོབ་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཕ་ཡུལ་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཀྱྭ་ཀྱྭ་ལགས་རྒྱ་ནག་གི་བཙོན་འཇུག་གི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་སྟེ་ཁྱིམ་དུ་ལོག་ཐུབ་འདུག
ཨ་ཀྱྭ་ཀྱྭ་ལགས་བཙོན་གྲོལ་ཐོབ་པའི་གནད་དོན་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཆབ་སྲིད་བཙོན་ཟུར་ཨ་ཀྱྭ་ཀྱྭ་ལགས་སྔ་རྗེས་སུ་རྒྱ་ནག་གི་བཙོན་ཁང་དུ་ཐེངས་གཉིས་ལ་བཙོན་འཇུག་བྱེད་མྱོང་མཁན་ཞིག་ཡིན་པ་ངོ་སྤྲོད་གནང་བ་དང་ལྷན་དུ། ད་ལྟ་ཁོང་རྒྱ་ནག་གི་ལོ་ལྔའི་བཙོན་འཇུག་གི་ལས་ཡུན་ཡོངས་སུ་ཚང་ནས་ཟླ་བ་འདིའི་ཚེས་ ༡༡ ཙམ་ལ་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་ཡོད་ལུགས་ངོ་སྤྲོད་གནང་སོང་། སྒྲ་་་་་་་་་་་་་
འདི་བཞིན་འདི་གའི་གསར་འགོད་པས་ཁོང་ལ་ཨ་ཀྱྭ་ཀྱྭ་ལགས་ཀྱི་ད་ལྟའི་སྐུ་གཟུགས་ཀྱི་གནས་བབ་ཅི་འདྲ་ཡིན་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས་གཞི་རྩའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་ནག་གི་བཙོན་ཁང་དུ་གཅར་རྡུང་མནར་གཅོད་དང་ངལ་རྩོལ་སོགས་བྱེད་དུ་འཇུག་གི་ཡོད་སྟབས། སྤྱི་ཡོངས་ཀྱི་བོད་ཀྱི་ཆ་སྲིད་བཙོན་པ་ཡོངས་ཀྱི་སྐུ་གཟུགས་ཀྱི་གནས་བབ་དེ་ཧ་ཅང་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཡིན་པ་ལས། སྐུ་ཞབས་ཨ་ཀྱྭ་ཀྱྭ་ལགས་ཀྱི་ད་ལྟའི་སྐུ་གཟུགས་ཀྱི་གནས་བབ་འདི་འདྲ་ཞིག་རེད་ཅེས་གསལ་བོར་རྒྱུས་ལོན་བྱེད་ཐབས་མ་བྱུང་བར་གསུངས་སོང་། སྒྲ
དེ་བཞིན་ཁོང་གིས། ཨ་ཀྱྭ་ཀྱྭ་ལགས་བཙོན་འཇུག་གི་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་ཐུབ་པ་བྱུང་ཡོད་ནའང་། སྤྱི་ལོ་ ༢༠༡༦ ལོར་ཁོང་དང་མཉམ་དུ་བོད་མི་བཅུ་ལ་སྐུའི་གྱ་སྟོན་གྱི་གནད་དོན་འབྲེལ་ནས་གནས་ཚུལ་བརྒྱུད་སྤེལ་བྱས་པའི་ཉེས་མིང་གི་འོག་འཛིན་བཟུང་བྱས་ཏེ། ཕྱིས་སུ་རྔ་བ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་འཛིན་བཟུང་བྱས་པའི་བོད་མི་དེ་རྣམས་ལ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཚོ་ནི་གྲྭ་འབྲུག་སྒྲ་ལགས་དང་། བློ་གྲོསལགས། བློ་བཟང་དགེ་འཕེལ་ལགས། སོགས་ཀྱི་བོད་མི་བཅུ་དགུ་དངོས་སུ་ཤེས་རྟོགས་བྱུང་ཡོད་པར་ངོ་སྤྲོད་གནང་སོང་། སྒྲ་་་་་་་་་་་་་་
གཞི་རྩའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ཀྱྭ་ཀྱྭ་ལགས་ནི་སྤྱི་ལོ་ ༢༠༡༡ ལོར་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དང་འབྲེལ་ནས་འཛིན་བཟུང་གིས་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༡༡ ལོར་སླར་ཡང་འཛིན་བཟུང་གིས་ལོ་ལྔའི་རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཁྱོན་མི་ལོ་ཧྲིལ་བོ་༨ ལྷག་ལ་རྒྱ་ནག་གི་བཙན་དབང་གི་འོག་ནས་ཁྲིམས་ཆད་རིམ་པ་བཅད་ཡོད་པ་ཞིག་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།