བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་༢༠༢༦ ལོའི་ཁྲིམས་འཆར་གསར་པ་ཆེད་འདོན།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim Mcgovern ལགས་དང་། Michael McCaul ལགས་རྣམ་གཉིས་ཀྱིས་ Assuring the Future of Tibet Act of 2026 བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་ ༢༠༢༦ ལོའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་འདུག་པ་དང་། དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དང་མཉམ་ལས་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་རེད། 

Assuring the Future of Tibet Act of 2026: New Tibet Bill seeks to strengthen America’s relationship with the CTA

དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་གཉིས་ཀྱིས་འདི་ཚེས་ ༢༢ ཉིན་ཆེད་འདོན་གནང་བའི་ Assuring the Future of Tibet Act of 2026 བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་ཁྲིམས་འཆར་གསར་པ་ཨང་ 8982 ཞེས་པ་འདི་ནི་ཨ་རིའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཁ་སྒྱུར་ཞིག་མཚོན་གྱི་ཡོད་ལ། ཁྲིམས་འཆར་དེ་རིམ་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་ཡོང་བའི་རེ་བ་གནང་བཞིན་ཡོད།

ད་རེས་ཀྱི་ཁྲིམས་འཆར་དེའི་བརྒྱུད་ཨ་མི་རི་ཀའི་བོད་དང་འབྲེལ་བའི་ལོ་རྒྱུས་གསལ་པོར་བཟོས་པ་དང་མ་འོངས་པའི་འགན་ལེན་གནང་ཡོད་པ་མ་ཟད། ཨ་རིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་འཛུགས་མཛད་པའི་པའི་བོད་མིའི་འགོ་ཁྲིད་དང་སྲིད་གཞུང་གི་རྒྱུན་སྐྱོང་བཞིན་པའི་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་ཐབས་གནང་རྒྱུ་ནི་ཨ་རིའི་སྲིད་ཇུས་ཀྱི་ཁེ་ཕན་ཆེན་པོ་ཞིག་ཡིན་པ་དང་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་བོད་མིའི་འགོ་ཁྲིད་བརྒྱུད་བོད་མི་དང་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ། དེ་བཞིན་རྒྱ་གཞུང་གིས་བོད་མི་རྣམས་ལ་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཞིག་མཁོ་སྤྲོད་བྱེད་པའི་ཁས་ལེན་ལ་རྒྱབ་འགལ་བྱས་པ་དང་། ཁོང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྱི་ལ་འགོག་རྐྱེན་བཟོས་ཡོད་པའི་སྐོར་གྱི་གྲོས་ཚོགས་ཀྱི་ངོས་འཛིན་གཏན་འབེབས་བྱེད་དགོས་པ། གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་སྲིད་སྐྱོང་མཆོག་དང་ཐད་ཀར་འབྲེལ་བ་གནང་སྟེ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་པ་དང་མཐུན་གྲོགས་ཚོར་དེ་མཚུངས་ཀྱི་ཕྱི་འབྲེལ་གུས་བཀུར་གནང་བར་སྐུལ་འདེད་གཏོང་དགོས་པ་གསུངས་འདུག

ཁྲིམས་འཆར་དེ་ཆེད་འདོན་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས། ཨ་རིའི་གྲོས་ཚོགས་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དུས་ཡུན་རིང་པོ་ནས་དོ་ཁུར་ཆེན་པོ་གནང་ཡོད་པ་དང་བློ་ཕམ་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོི་མཆོག་རྟག་ཏུ་ང་ཚོ་དང་ལྷན་དུ་སྐུ་བཞུགས་མཛད་ཀྱི་མེད་སྟབས། ང་ཚོས་ཨ་རིའི་གཞུང་ལ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་དབང་ཚད་དང་ལག་ཆ་རྒྱུན་མཐུད་ནས་ཡོད་པ་ངེས་བརྟན་གནང་དགོས་ཤིང་། འདི་ལྟར་གནང་བར་ང་ཚོས་བོད་མི་མང་གི་དངོས་གནས་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་འཐུས་མི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག

དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael McCaul ལགས་ཀྱིས། ༸གོང་ས་མཆོག་དབུས་བོད་མི་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་ལས་བྲོས་བྱོལ་དུ་ཕེབས་ནས་ལོ་མང་འདས་ཟིན་ཡོད་ཀྱང་། རྒྱ་གཞུང་གིས་ད་དུང་བོད་མི་ཚོའི་དད་པ་དང་རང་དབང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས། སྐུ་ཞབས་ཁོང་ནས་དེ་སྔ་རྒྱ་གར་དྷ་རམ་ས་ལ་རུ་༸གོང་ས་མཆོག་མཇལ་ཁ་ཞུས་པའི་སྐབས་ཁས་ལེན་གནང་བ་ལྟར། ཨ་རིས་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་འདུན་པ་འཚོལ་བའི་ལམ་བུའི་ཐོག་ནས་རྒྱབ་སྐྱོར་རྟག་ཏུ་གནང་རྒྱུ་ཡིན་ཞེས་གསུངས་འདུག

སྤྱི་ཚོགས་དྲྭ་རྒྱའི་ཐོག་ད་ལན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གཉིས་ཀྱིས་འདི་ལྟ་བུའི་ཁྲིམས་འཆར་གསར་པ་ཆེད་འདོན་གནང་བའི་གནས་ཚུལ་ཐོན་མ་ཐག་བོད་མི་མང་པོས་དེར་དགའ་བསུ་ཞུས་པ་དང་དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས། ཐུགས་རྗེ་ཆེ་ཞུས་དང་སྦྲགས་ཏེ། ཁྲིམས་འཆར་དེ་གང་མགྱོགས་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་དང་ཨ་རིའི་སྲིད་འཛིན་མཆོག་གིས་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་འཆར་གྱི་དོན་ཚན་ཁག་བཅོས་མིན་གྱིས་ཕྱག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་སོང་།

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim McGovern ལགས་དང་། Michael McCaul ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐད་ནས་ངོས་འཛིན་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཨང་ H.R. 8982 ཞེས་པ་དེ་ངོ་སྤྲོད་གནང་ཡོད་པའི་གནས་ཚུལ་ཐོན་པ་ཙམ་ལས་དེའི་སྒོ་བྱང་དང་ནང་དོན་ཆ་ཚང་སྐབས་དེར་ཡོངས་བསྒྲགས་གནང་མེད་ཀྱང་། སྐབས་དེར་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་ཟིན་པ་ཆགས་ཀྱི་འདུག

ཤེས་རྟོགས་བྱུང་བར་གཞིགས་ན་བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་ཁྲིམས་འཆར་གསར་པ་འདིའི་ཚིག་བརྗོད་དང་ནང་དོན་ལ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་གནང་རྗེས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་སྟེ་གཏན་འབེབས་གནང་དགོས་ཀྱི་ཡོད་པ་དང་། མང་མོས་གཏན་འབེབས་ཐོག་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཉིན་ནས་ལག་བསྟར་གྱི་ཁྲིམས་སུ་འགྱུར་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།