མདོ་སྨད་རྩེ་ཁོག་རྫོང་དུ་ཐོག་མའི་བསམ་འདུན་ལ་བརྩོན་ལེན་བྱས་ནས་ཏང་གཤིས་བརྟན་དུ་གཏོང་བ་ཟེར་བའི་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་བཞིན་པ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཟླ་བ་འདིའི་ཕྱི་ཚེས་ ༢༨ ཉིན། མདོ་སྨད་རྩེ་ཁོག་རྫོང་དུ་ཏང་ཡོན་རྒན་པའི་ལས་འགུལ་ཟེར་བའི་མིང་བྱང་འོག ཐོག་མའི་བསམ་འདུན་ལ་བརྩོན་ལེན་བྱས་ནས་ཏང་གཤིས་བརྟན་དུ་གཏོང་བ་ཟེར་བའི་བྱེད་སྒོ་སྤེལ་བཞིན་འདུག་པ་དང་། དེའང་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་གོ་སྒྲིག་འོག རི་དང་བྱང་ཐང་ས་ཁུལ་དུ་གོམ་བགྲོད་དང་འཕྲེད་དར་ཕྱར་བ་སོགས་བྱས་འདུག་པ་དང་། ལས་འགུལ་འདིའི་ནང་བོད་ཁུལ་གྱི་ཏང་ཡོན་རྒན་པ་ ༤༠ ཙམ་ནས་མཉམ་ཞུགས་བྱས་ཡོད་འདུག

Political Campaign to Strengthen Party Loyalty Being Carried Out in Tsekhok County, Tibet

འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གཞུང་གིས་ཆབ་སྲིད་སློབ་གསོའི་དྲིལ་བསྒྲགས་ལས་འགུལ་འདི་བཞིན། འདས་པའི་ལོ་ཤས་ནང་དུ་མུ་མཐུད་སྤེལ་ཡོད་པ་དང་དེའི་ཁྲོད་ཏང་ཡོན་རྒན་པ་ཚོས་རྒྱ་ནག་གི་རྒྱལ་དར་ཁུར་ནས་རི་དང་བྱེ་ཐང་ཁུལ་དུ་གོམ་བགྲོད་བྱས་ཏེ། ཏང་གི་ཕུགས་འདུན་དང་རྨི་ལམ་ཟེར་བ་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་ཞིག་ཡིན་པ་དང་། འདི་ལྟར་མི་རབས་རྒན་པ་ཚོས་སྣེ་ཁྲིད་ནས་བྱེད་སྒོ་འདི་རིགས་ནང་མཉམ་ཞུགས་བྱེད་སྐབས་ས་ཁུལ་གྱི་ན་གཞོན་ཚོར་བོད་རང་གི་རིག་གཞུང་དང་ལོ་རྒྱུས་ལ་དེ་ཙམ་དོ་སྣང་མི་བྱེད་པའི་ཤུགས་རྐྱེན་ངན་པ་སྐྲུན་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གཞན་འབྲེལ་ཡོད་ཞིག་གིས་བརྗོད་པ་ལྟར་ན། ཕྱི་ལོ ༢༠༡༠ ལོར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་ཉིས་སྟོང་ལྔ་བརྒྱ་ཙམ་གྱིས། རྩེ་ཁོག་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ཅིང་། དེ་ཡང་སློབ་མ་ཚོས། ༼སྐད་ཡིག་རང་དབང་། མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས།༽ ཞེས་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་ནས་སྐད་འབོད་བྱས་ཡོད་ནའང་། དེང་སང་མི་རབས་རྒན་པ་ཚོས་འདི་ལྟར་བྱེད་སྒོ་སྤེལ་བཞིན་ཡོད་པས་སློབ་མ་ཚོ་ལའང་སྔོན་ཆད་ལྟ་བུའི་རང་ཤུགས་དེ་ཙམ་མེད་པའི་རྣམ་པ་འདུག་ཅེས་གསུང་གི་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཆབ་སྲིད་དང་ལངས་ཕྱོགས། ཏང་གི་སྒྲིག་ཁྲིམས་སྐོར་གྱི་བྱེད་སྒོ་རིགས་མི་འདྲ་བ་མང་དག་ཞིག་སྤེལ་བཞིན་ཡོད་པ་ལྟར་། ད་རེས་ཏང་ཡོན་རྒན་པའི་བྱེད་སྒོ་འདི་གཙོ་བོ་འབྲོག་པའི་ས་ཁུལ་དུ་སྤེལ་བཞིན་པ་ཞིག་ཆགས་ཀྱི་འདུག

Political Campaign to Strengthen Party Loyalty Being Carried Out in Tsekhok County, Tibet

འབྲེལ་ཡོད་གསར་གནས།

གསར་གནས།