བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༩ དབུ་འཛུགས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།
དེ་རིང་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Club House གསོལ་མགྲོན་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་འདུག་པ་དང་ཁྱོན་ཉིན་གྲངས་གསུམ་གྱི་རིང་གྲོས་གཞི་བཅུའི་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག
མཛད་སྒོའི་ཐོག་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་ཚོགས་པ་དེ་ཐོག་མར་གསར་འཛུགས་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷག་བསམ་བཟང་པོའི་ཀུན་ནས་བླངས་ཏེ་དམིགས་ཡུལ་བཟང་པོ་ཞིག་གི་ཐོག་ནས་བྱ་ཐབས་བཟང་པོ་ཞིག་དབུ་འཛུགས་པ་རེད་ཅེས་བཀའ་ཕེབས་དོན་བཞིན་ཚོགས་པས་ད་བར་༸གོང་ས་མཆོག་གི་དགོངས་གཞི་དང་བརྒལ་བའམ་ཐུགས་ཕམ་བཟོས་པ། དེ་བཞིན་བོད་མིའི་སྤྱི་ཚོགས་བརྡབ་གསིག་བཟོས་པའི་བྱ་སྤྱོད་སོགས་རྩ་བ་ནས་སྤེལ་མེད་སྐོར་དང་། ཚོགས་པའི་དམིགས་ཡུལ་དང་ངོ་བོ་བཞིན་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པར་དུས་ད་ལྟའང་གནས་ནས་ཡོད་པར་སྤོབས་པ་ཡོད་ཅེས་གསུངས་པ་དང་སྦྲགས། ཚོགས་པ་འདི་རང་ཉིད་ཀྱི་ལས་ཡུན་ནང་སྒྲིག་འཛུགས་བྱེ་བྲག་པ་དང་གང་ཟག་བྱེ་བྲག་པའི་དབང་འོག་ཏུ་འགྲོ་འཇུག་གི་མིན་ཞེས་ཁས་ལེན་ཞུས་པ་བཞིན་དེ་ལྟར་གནས་ཡོད་པ་བཞིན་མུ་མཐུད་གནས་དགོས་གལ་ཡིན་པ་སོགས་གསུངས་ཡོད། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་སྲིད་དོན་ཚོགས་པའི་ལམ་ལུགས་གལ་ཆེན་པོ་ཡིན་པར་བཀའ་ཕེབས་དོན་བཞིན་སྐབས་དེ་དུས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཏེ་དབུས་རྒྱུན་ལས་ཐོག་དང་རྒྱུན་ལས་ཟུར་པ་རྣམས་བཀའ་བསྡུར་ལྷུག་པོ་བྱུང་ནས་ཕྱི་ལོ་ ༡༩༩༢ ལོའི་གཞོན་ནུའི་ཚོགས་ཆེན་ཐེངས་ ༨ པའི་ཐོག་སྲིད་དོན་ཚོགས་པ་གསར་འཛུགས་གནང་རྒྱུའི་གྲོས་ཆོད་ཕེབས་དོན་བཞིན་སྲིད་དོན་ཚོགས་པའི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཆེད་དུ་བཙུགས་རྗེས་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༩ ཚེས་ ༢ ལ་སྲིད་དོན་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་ནས་ཚོགས་པའི་མཚན་གནས་དང་རྩ་ཁྲིམས་གཏན་འབེབས་གནང་ཡོད་པ་སོགས་ཚོགས་པའི་བྱུང་རིམ་ཞིབ་ཕྲ་ངོ་སྤྲོད་གནང་སོང་། ཁོང་གིས་ད་དུང་སྲིད་དོན་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་འདྲ་ཞིག་ཡིན་རུང་འཛམ་གླིང་ནང་སྤྱི་བའི་ལས་དོན་དང་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུ་དེ་གཅིག་མཚུངས་ཡིན་ཀྱང་། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་ཚོགས་པས་བཀའ་སྤྱི་གཉིས་ཀྱི་འོས་མི་མཚན་འདོན་གནང་རྒྱུའི་མདུན་སྐྱོད་གནང་བ་དེ་སྲིད་དོན་ཚོགས་པའི་མཚན་གནས་ཀྱི་ཐོག་ནས་ཕྱག་ལས་གནང་བ་ཞིག་ཡིན་སྐོར་གསུངས་ཡོད། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཚོགས་པ་འདི་ཉིད་གསར་འཛུགས་གནང་བ་ནས་བཟུང་ད་བར་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་ཡང་དག་པའི་ལམ་ལུགས་ཐོག་ཁྲིད་ཐབས་གནང་བར་བསྔགས་བརྗོད་དང་སྦྲགས། བཙན་བྱོལ་ནང་དུ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་མང་ཚོགས་མང་པོས་གོ་བ་ལེགས་པོ་མ་རྙེད་པའི་རྐྱེན་གྱིས་ངའི་འགོ་ཁྲིད་དང་ཁྱེད་ཀྱི་འགོ་ཁྲིད། དེ་བཞིན་ངའི་མཐུན་ཕྱོགས་དང་ཁྱེད་ཀྱི་རྒྱབ་སྐྱོར་གནང་ཡུལ་ཞེས་བརྗོད་དེ་སྤྱི་ཚོགས་དུམ་བུར་གྱེས་པ་དེ་འཐབ་རྩོད་ལ་གྱོང་གུད་ཆེན་པོ་ཞིག་ཆགས་ཡོད་པ་དང་། བློ་ཕམ་དགོས་པའི་གནས་སྟངས་དེ་རིགས་བྱུང་སྐབས་ངེས་པར་དུ་བོད་མི་སྤྱི་བོ་གནས་བསྟན་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་པ་དྲན་དགོས་པར་མ་ཟད། ལྷག་པར་དུ་བཙན་བྱོལ་ནང་གི་བོད་མི་དང་ལས་ཀྱི་སྣེ་མོ་བ་རྣམས་གཞིས་བཞུགས་བོད་མིའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པར་དགོངས་ཏེ་རྩ་དོན་གྱི་འཐབ་རྩོད་དེ་ཨང་དང་པོར་བཞག་སྟེ་མཐུན་ལམ་གྱི་སྒོ་ནས་མདུན་བསྐྱོད་གནང་གལ་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།