Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ལོ་རྒྱུས་ལ་གོ་རྟོགས་ཙམ་མིན་པར་ངེས་པ་རྙེད་པ་ཞིག་བཟོ་དགོས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དེ་རིང་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་དགུ་པ་དབུ་འཛུགས་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ནུབ་ཕྱོགས་པ་དང་རྒྱ་གར་བ་རྣམས་ལ་བོད་ཀྱི་ལོ་རྒྱུས་གོ་རྟོགས་ཙམ་མིན་པར་ངེས་པ་རྙེད་པ་ཞིག་བཟོ་དགོས་གལ་ཡིན་པ་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུང་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་ཉམས་ཞིབ་པ་ཁྱོན་མི་གྲངས་ ༣༡ མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་དཔལ་ཡོན། ཉམས་ཞིབ་པའི་ངོས་ནས་ཉམས་ཞིབ་ཀྱི་འབྲུ་དོན་རྣམས་གསལ་བཏོན་དང་གནས་ཚད་གོང་མཐོར་གཏོང་དགོས་སྐོར་གསུངས་པ་མ་ཟད། ལྷག་དོན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཐུགས་སྣང་གནང་མཁན་ནུབ་ཕྱོགས་དང་རྒྱ་གར་བ་རྣམས་དང་ལྷན་དུ་བགྲོ་གླེང་གིས་གོ་རྟོགས་སྤེལ་རེས་ཙམ་མིན་པར་ངེས་པ་རྙེད་པ་ཞིག་བཟོ་ཐུབ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ལས་གཞན་བོད་མི་རིགས་ཀྱི་འཚོ་གནས་དང་རིག་གཞུང་། ཁོར་ཡུག་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ད་ལྟའི་ཆར་བོད་ནང་རྒྱ་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་ང་ཚོའི་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་གི་མཇུག་འབྲས་ཇི་བྱུང་སྐོར་ཐུགས་སྣང་གིས་ཉམས་ཞིབ་ཚད་ལྡན་གནང་གལ་ཆེ་བ་དང་། མ་འོངས་པར་བོད་ཡིག་ཐོག་བྲིས་པའི་དཔྱད་རྩོམ་རྣམས་སྐད་ཡིག་གཞན་དུ་བསྒྱུར་ཏེ་ཁྱབ་སྤེལ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་མ་ཟད། བོད་ཀྱི་ཆོས་རིག་ཉམས་ན་རང་བཞིན་གྱིས་ཧི་མ་ལ་ཡའི་མི་རིགས་ལའང་གྱོང་གུན་ཐེབས་ཀྱི་ཡོད་པར་བརྟེན། བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་གནང་ཐོག་བོད་ཀྱི་དངོས་བདེན་ལོ་རྒྱུས་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་མང་འཇོག་ཐུབ་པར་ནུས་པ་མཉམ་སྤུངས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད།

གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་དང་ཆབ་སྲིད་གནས་སྟངས། དེ་བཞིན་ད་ལྟའི་ཆར་རྒྱ་གཞུང་གི་བོད་ཐོག་འཁྱོག་བརྗོད་སྲིད་བྱུས་འོག་བོད་ཀྱི་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་དངོས་དོན་ར་སྤྲོད་བྱ་རྒྱུ་དེ་ནི་ཚོགས་འདུ་འདི་ཉིད་ཀྱི་གནད་འགག་དང་དམིགས་ཡུལ་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་བོད་རིགས་ན་གཞོན་ཉམས་ཞིབ་པ་རྣམས་ནས་བོད་ཀྱི་དངོས་བདེན་ར་སྤྲོད་ཀྱིས་རྒྱའི་འཁྱོག་བརྗོད་ལ་ཁ་གཏད་གཅོག་དགོས་པ་དང་ཆབས་ཅིག བོད་ཀྱི་ངོམས་སུ་ཆོག་པའི་རིག་གཞུང་དེ་དག་ཕྱི་ལ་གོ་རྟོགས་དང་ངེས་ཤེས་རྙེད་ཐུབ་པ་ཞིག་བཟོ་རྒྱུའི་རེ་བ་གནང་བཞིན་ཡོད་ཅེས་གསུངས་སོང་།

གཞི་རྩའི་བོད་ཀྱི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་དགུ་པ་འདི་བཞིན་དེ་རིང་ཕྱི་ཚེས་ ༢༢ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༤ བར་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་ཅིང་། ཚོགས་འདུའི་ཐོག་ཉམས་ཞིབ་པ་རྣམས་ནས་བོད་ཀྱི་གནའ་དེང་གི་ལོ་རྒྱུས་དང་རིག་གཞུང་། བརྡ་སྤྲོད་སོགས་དང་འབྲེལ་ནས་བརྗོད་གཞི་ཁྱོན་ ༣༡ ཐོག་ཉམས་ཞིབ་གྲུབ་དོན་སྒྲོག་སྦྱང་དང་གྲོས་བསྡུར་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།