Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་སྐད་ཡིག་ཆ་ཚང་བ་ཞིག་མ་ཤེས་ཀྱང་རང་ཉིད་བོད་པ་ཡིན་པ་ངོས་འཛིན་བཞིན་ཡོད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

་ཆར་ཕྱི་ཚེས་ ༣ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༦ བར་ཡོ་རོབ་སུད་སི་གྲོང་ཁྱེར་ Salenstein ནང་དུ་ Wer Are Tibet འམ་ང་ཚོ་བོད་ཡིན་ཞེས་པའི་མིང་བྱང་འོག་བསྐོང་ཚོགས་གནང་པའི་ཡུ་རོབ་བོད་ཀྱི་གཞོན་ནུའི་གླེང་སྟེགས་ཐེངས་ ༥ ཐོག་ས་གནས་བོད་རིགས་གཞོན་སྐྱེས་རྣམས་ནས་ས་གནས་ཀྱི་གནས་བབས་ལ་གཞིགས་ཏེ། བོད་ཀྱི་སྐད་ཡིག་ཆ་ཚང་བ་ཞིག་མ་ཤེས་ཀྱང་སེམས་ནས་རང་ཉིད་བོད་པ་ཞིག་ཡིན་པ་ངོས་ལེན་ཞུ་ན་བོད་པ་གཙང་མ་ཞིག་ཆགས་རྒྱུའི་བསམ་བློ་གོང་མཐོར་གཏང་རྒྱུ་དང་། བོད་པའི་འཐབ་རྩོད། དེ་བཞིན་མང་གཙོའི་ཐོབ་ཐང་སོགས་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག

དེ་ཡང་གཞོན་སྐྱེས་རྣམས་ནས་ཐེངས་འདིའི་གླེང་སྟེགས་ཐོག་བོད་མི་རིགས་ཀྱི་ངོ་བོ་དང། བོད་མིའི་འཐབ་རྩོད་ཀྱི་གནད་དོན། དེ་བཞིན་བོད་མིའི་མང་གཙོའི་གནས་བབས། བོད་པའི་སྤྱི་ཚོགས་བཅས་བརྗོད་གཞི་གཙོ་བོ་བཞིའི་ཐོག་གྲོས་བསྡུར་སྦྱང་བཤད་གནང་ཡོད་པ་དང་། བོད་མིའི་ངོ་བོ་དང་འབྲེལ་གཞོན་སྐྱེས་རྣམས་ནས་དེང་སྐབས་ཡོ་རོབ་ཁུལ་དུ་བོད་པའི་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་ཆ་ཚང་བ་མ་ཤེས་ན་བོད་པ་གཙང་མ་མ་རེད་ཅེས་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད། འོན་ཀྱང་གཙོ་བོ་བོད་ཀྱི་སྐད་ཡིག་ཆ་ཚང་བ་ཞིག་མ་ཤེས་ཀྱང་སེམས་ནས་རང་ཉིད་བོད་པ་ཞིག་ཡིན་པ་ངོས་ལེན་ཞུ་ན་བོད་པ་གཙང་མ་ཞིག་ཆགས་རྒྱུའི་བསམ་བློ་གོང་མཐོར་གཏང་རྒྱུ་དང་། བོད་པའི་འཐབ་རྩོད། དེ་བཞིན་ཆབ་སྲིད་ཀྱི་ལས་འགུལ་ཁྲོད་གཞོན་སྐྱེས་གང་མང་མཉམ་ཞུགས་གནང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ས་གནས་གཞོན་སྐྱེས་ཚོར་དམིགས་ཏེ་བོད་མིའི་མང་གཙོའི་ཐོབ་ཐང་དང་འགྲོ་ལུགས་ཁག་དབྱིན་ཡིག་དང་ས་གནས་ཀྱི་སྐད་ཡིག་ཐོག་ཕབ་བསྒྱུར་གྱིས་གོ་རྟོགས་སྤེལ་རྒྱུ། ལྷག་དོན་བོད་པའི་སྤྱི་ཚོགས་དང་འབྲེལ་གཞོན་སྐྱེས་རྣམས་ནས་ཕོ་མོ་འདྲ་མཉམ་གྱི་གནས་བབས་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་གྲོས་ཆོད་བཞི་གཏན་འབེབས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།