Tibetan Royal Year of 2151 | Year of the Wood Dragon

བོད་ཁམས་སྡེ་དགེའི་གནས་སྟངས་དང་བུད་མེད་རང་དབང་སྒེར་ལངས་ཆེད་ལས་འགུལ་སྤེལ་བ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་གི་གོ་སྒྲིག་འོག་བོད་ཁམས་སྡེ་དགེའི་དོན་རྐྱེན་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དེ་རིང་ནས་ཕྱི་ཚེས་ ༡༢ བར་རྒྱལ་ས་སྦེང་ལོར་དང་མའེ་སོར་བཅས་སུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་སོང་།

ཁ་སང་ས་གནས་ཀྱི་བུད་མེད་ཚོགས་མི་དང་ལས་འགུལ་བ་ཁྱོན་ ༢༠ ལྷག་ས་གནས་ནས་ཐོན་ཏེ། དེ་རིང་སྔ་དྲོ་ཕྱག་ཚོད་༩ ཡས་མས་སུ་རྒྱལ་ས་སྦེང་ལོར་གྱི་ས་གནས་ Gandhi nagar གི་ freedompark ནང་འབྱོར་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་བོད་ནང་ཆུ་མཛོད་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པ། སྡེ་དགེ་ས་གནས་ཀྱི་བོད་མི་རྣམས་ལ་རང་དབང་དགོས་ཞེས་པའི་འབོད་ཚིག་དབྱིན་ཇི་དང་ཡུལ་དེ་གའི་སྐད། དེ་བཞིན་བོད་ཡིག་བཅས་སྐད་ཡིག་གསུམ་ནང་བཀོད་པའི་འཕྲེད་དར་བསྣམས་ནས་ཞི་བའི་ཁྲོམ་སྐོར་གནང་འདུག

སྐབས་དེའི་མཛད་སྒོའི་ཐོག་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Niranjan ལགས་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་ཆེད་ཕེབས་ཀྱིས། རྒྱ་གར་གནད་ཡོད་མི་སྣས་ཞི་བདེ་ནི་འགྲོ་བ་མི་ཡོངས་ལ་དགོས་ངེས་ཅན་ཞིིག་ཡིན་ཀྱང་། དེང་སྐབས་བོད་ནང་བྱུང་བཞིན་པའི་ཛ་དྲག་གི་གནས་ཚུལ་དེར་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། ལས་འགུལ་རེ་ཞིག་གྲུབ་རྗེས་ཁྱེད་རྣམས་ས་གནས་སུ་བདེ་བར་འབྱོར་བའི་སྨོན་ལམ་དང་མ་འོངས་བོད་ཀྱི་རྩ་དོན་གྱི་ཞི་བའི་ལས་འགུལ་ལ་རོགས་འདེགས་གང་ཐུབ་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་ཡོད།

ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་དབྱིངས་སྒྲོལ་མ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱ་གར་ས་གནས་མི་མང་ལ་རྒྱ་ནག་གིས་བོད་ནང་གཏོང་བཞིན་པའི་གདུག་རྩུབ་ཀྱི་གནས་སྟངས་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་བོད་ཁམས་སྡེ་དགེའི་ནང་གི་གནས་སྟངས་ཐད་གོ་རྟོགས་སྤེལ་རྒྱུ་ཡིན་པ་སོགས་གསུངས་སོང་།

གཞི་རྩའི་ཕྱི་ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན། གྲོང་ཁྱེར་མའེ་སོར་ནང་མོན་གྷོ་དང་། སྦེལ་ཀོབ། ཧུན་སུར། ཀོ་ལེ་གྷལ་ས་གནས་བུད་མེད་ལྷན་ཚོགས་མཉམ་རུབ་ཀྱིས་དེ་འབྲེལ་དུས་དྲན་ཐེངས་ ༦༥ པ་སྲུང་བརྩི་ཞུ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།