Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་ Royal Borough of Greenwich གྲོང་སྡེར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

རིང་མིན་ཕྱི་ཟླ་ ༣ པའི་ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ London གྱི་ལྷོ་ཤར་དུ་ཆགས་པའི་ Woolwich Town Hall གྱི་མདུན་ངོས་སུ་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་བོད་དང་བོད་མིའི་ཞི་བའི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་འདུག

London Flag Raise

དེ་རིང་ཕྱི་ཚེས་ ༦ ཉིན་དབྱིན་ཡུལ་གྱི་ Royal Borough of Greenwich  གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་དང་ Greenwich ས་གནས་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་འོག་བོད་ཀྱི་གསུམ་བཅུའི་སྒེར་ལངས་ཀྱི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་ལོན་ཌོན་ Woolwich Town Hall གྱི་མདུན་ངོས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་འདུག་པ་དང་། སྐབས་དེའི་མཛད་སྒོའི་ཐོག་ Royal Borough of Greenwich  གྲོང་སྡེ་སྤྱི་ཁྱབ་ Dr. Dominic Mbang ལགས་གཙོ་བཞུགས་ཐོག་གྲོང་སྡེ་ལས་ཁང་གི་འགན་འཛིན་གཞོན་པ་དང་འཐུས་མི། ས་གནས་གཞུང་འབྲེལ་མི་སྣ། དེ་བཞིན་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ། གཞན་ཡང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཐོག་གནང་འདུག

London Flag Raise

དེའི་སྐོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་དུ་རྟེན་གཞི་བྱས་པའི་ Global Alliance for Tibet & Persecuted Minorities (GATPM) ཞེས་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་སུ་བཀའ་འདྲི་ཞུས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

མཛད་སྒོ་ཐོག་ཆེད་ཕེབས་གནང་བའི་ Royal Borough of Greenwich  གྲོང་སྡེ་སྤྱི་ཁྱབ་ Dr. Dominic Mbang ལགས་ཀྱིས་དེ་རིང་གྲོང་སྡེ་ལས་ཁང་དེའི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་གི་ཡོད་པ་དང་། འདི་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་རྣམས་བཙན་བྱོལ་ལ་གྱར་ནས་མི་ལོ་ ༦༥ འཁོར་བའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་དུས་ཚིགས་གལ་ཆེ་ཞིག་ཡིན་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དང་། ནམ་ཞིག་བོད་ལ་རང་དབང་ཐོབ་ངེས་ཡིན་པ་གསུངས་སོང་།            

London Flag Raise

རྩ་བའི་དབྱིན་ཡུལ་གྱི་ Royal Borough of Greenwich  གྲོང་སྡེ་ལས་ཁང་གིས་ས་གནས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བའི་ལས་རིམ་དེ་ནི་ཕྱི་ལོ་ ༢༠༡༥ ལོར་འགོ་བཙུགས་གནང་བ་ཞིག་ཡིན་ཞིང་། ལོ་དེའི་ཟླ་ ༩ ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་གྱི་ས་མཚམས་སུ་ཆགས་པའི་ O2 བསྟི་གནས་ཁང་དུ་མང་ཚོགས་ཆིག་ཁྲི་བརྒལ་བར་ནང་ཆོས་ངོ་སྤྲོད་མཛད་ཆེད་ Royal Borough of Greenwich  གྲོང་སྡེར་༸ཞབས་སོར་འཁོད་ཡོད་པ་དང་། སྐབས་དེའི་ས་གནས་བོད་རིགས་ཚོགས་པས་གྲོང་སྡེ་ལས་ཁང་དེ་ཉིད་ལ་ཐེངས་འདིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་པར་དགའ་བསུ་དང་འཚམས་འདྲི་ཞུས་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་ངོས་བཞེས་གནང་ནས་ Woolwich Town Hall གི་མདུན་ངོས་སུ་དེ་བྱུང་གི་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆེས་ཐོག་མ་དེ་གནང་ཡོད་པ་རེད།

དུས་དེ་ནས་བཟུང་སྟེ་ད་བར་ས་གནས་དེའི་ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་ས་གནས་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ནི་ཐེངས་དྲུག་པ་ཆགས་ཀྱི་ཡོད་པ་རེད།

མ་ཟད་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་དབྱིན་ཡུལ་ནང་གི་བོད་མི་དང་བླངས་པ་བཞིས་དེ་རིང་ཕྱི་དྲོ་ཚོུད་ ༦.༣༠ ནས་ ༨.༣༠ བར་བོད་གལ་གནད་ཅན་དུ་ཆགས་པའི་རྒྱུ་མཚན་ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་གི་འདུག་པ་དང་དེའི་ནང་གཏམ་བཤད་གནང་མཁན་ཁོངས་སུ་དབྱིན་ཡུལ་ནང་གི་ Tibet Society བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་དབུ་རྒྱན་ནོར་བུ་ལགས་དང་། GATPM ཞེས་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས། དེ་བཞིན་དབྱིན་ཡུལ་གྱི་ VTAG བོད་མིའི་དང་བླངས་ཞུ་གཏུག་ཚོགས་པའི་འབྲེལ་མཐུད་པ་དང་། Britian བོད་རིགས་ཚོགས་པའི་རིག་གཞུང་དྲུང་ཆེ་དང་གཞོན་སྐྱེས་འབྲེལ་མཐུད་པ་བཅས་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།