Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༤-༢༥ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གསལ་བསྒྲགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཡོ་རོབ་སུད་སི་རྒྱལ་ཁབ་ནང་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩ་ཁང་གིས་ཕྱི་ལོ་ ༢༠༢༤ དང་༢༠༢༥ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གསལ་བསྒྲགས་གནང་འདུག་པ་དང་། སློབ་ཡོན་དེའི་ནང་ཨོ་གླིང་དང་ཡོ་རོབ། དེ་བཞིན་ཨ་རི་སོགས་ཀྱི་ནང་དུ་གཙུག་ལག་རམ་འབྱམས་པ་དང་འབུམ་རམས་པའི་སློབ་གཉེར་གནང་འདོད་ཡོད་རིགས་ཚོས་ཕྱི་ཟླ་ ༤ པའི་ཕྱི་ཚེས་ ༢༡ གོང་ལ་ཞུ་སྙན་ཕུལ་ཟིན་པ་དགོས་ཀྱི་འདུག

Dalai Lama Institute

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་སློབ་ཡོན་དེ་ནི་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་ཀུན་ལ་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་གྱི་དགོངས་གཞིའི་ཆ་ཤས་སུ་དབུ་འཛུགས་གནང་སྟེ་བོད་མིའི་བདེ་དོན་དང་། འགྲོ་བ་མི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་རྒྱུ་དང་འབྲེལ་བའི་ཤེས་ཡོན་གྱི་སྡེ་ཚན་ནང་གཙུག་ལག་རམ་འབྱམས་པ་དང་འབུམ་རམས་པའི་སློབ་སྦྱོང་གནང་འདོད་ཡོད་མཁན་གྱི་སློབ་མ་རྣམས་ལ་སེམས་འགུལ་ཐེབས་ཐབས་དང་སློབ་ཡོན་གྱི་མཐུན་རྐྱེན་ཕུལ་རྒྱུར་དམིགས་པ་ཞིག་ཡིན་པ་རེད། 

སློབ་ཡོན་འདིའི་ནང་ཆ་ཤས་བླངས་འདོད་ཡོད་མཁན་རྣམས་ནས་ཨོ་གླིང་དང་ཡུ་རོབ། དེ་བཞིན་ཨ་རི་སོགས་ཀྱི་གཙུག་ལག་སློབ་ཆེན་གང་ཞིག་གམ། ཡང་ན་ཆེད་ལས་ཀྱི་སློབ་གྲྭ་གང་ཞིག་ཏུ་སློབ་སྦྱོང་བྱ་རྒྱུར་ངོས་ལེན་ཡོད་པའི་དཔང་ཡིག་དང་། དེ་བཞིན་རང་ཉིད་བོད་མི་ཡིན་པའི་དཔང་ཡིག་སོགས་ཞུ་སྙན་ལྷན་དུ་ www.dalailamafoundation.org ཞེས་པའི་དྲ་ཚིགས་བརྒྱུད་ཕྱི་ཟླ་ ༤ ཚེས་ ༢༡ གོང་ལ་ཕུལ་ཟིན་པ་གནང་དགོས་འདུག དེ་བཞིན་དེ་སྔ་ནས་སློབ་ཡོན་འདི་བླངས་བཞིན་པའི་སློབ་མ་རྣམས་ཀྱིས་རང་གི་སློབ་ཡོན་མུ་མཐུད་བསྐྱར་ཞུ་བྱ་འདོད་ཡོད་ཚེ་སློབ་ཡོན་བསྐྱར་ཞུའི་སྙན་ཞུ་དགོས་ཀྱི་འདུག

སློབ་ཡོན་འདིར་སྙན་ཞུ་འབུལ་མཁན་རྣམས་ཀྱི་སྙན་ཞུ་ཁག་ལ་དགའ་ལྡན་ཕོ་བྲང་གི་རང་དབང་ལྡན་པའི་སློབ་ཡོན་ལྷན་ཚོགས་ཀྱིས་ཞིབ་འཇུག་གནང་རྗེས་བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་ལ་གློག་འཕྲིན་བརྒྱུད་ནས་ཕྱི་ཟླ་ ༧ ཚེས་ ༦ རྗེས་སུ་འབྲེལ་བ་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།