Tibetan Royal Year of 2151 | Year of the Wood Dragon

བོད་གཙོས་ཤིན་ཅང་ནང་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཁ་སྔོན་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་བསྟུན། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་གཙོས་པའི་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་འདུག ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Nicholas Burns མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞེས་ཡོངས་ཁྱབ་ཀྱི་གཏན་འབེབས་གནང་སྟེ་ལོ་ངོ་ ༧༤  འཁོར་ཡོད་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདིས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩིའི་བསམ་བློ་གོང་མཐོར་གཏོང་དགོས་པའི་འགན་ཡོད་པར་དྲན་སྐུལ་གནང་གི་ཡོད། ཨ་རིའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་གནང་རྒྱུ་ཡིན་པར་ཁས་ལེན་བྱས་པ་ལྟར་བརྟན་པོ་གནས་ཀྱི་མེད་པར་བློ་འཚབ་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ཤིན་ཅང་ནང་མི་རིགས་ལྡེབ་གསོད་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ། ཧོང་ཀོང་གི་རང་སྐྱོང་གི་གནས་བབ་རྡོག་རོལ་བཏང་བ། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་འཛིན་བཟུང་བཀག་བསྐྱིལ་བྱས་པ། ལྷག་པར་རྒྱ་ནག་གིས་ཕྱི་ཕྱོགས་སུའང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཁག་མཚམས་འཇོག་བྱེད་དགོས་པར་གསུངས་འདུག

ཨ་རིས་མུ་མཐུད་ཞི་རྒོལ་གྱི་ཐོབ་ཐང་དང་ཆོས་ལུགས་རང་དབང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། ཁྲིམས་ཀྱི་དབང་བསྒྱུར་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཁས་ལེན་བྱས་པ་ལྟར་བསམ་བློ་གཏོང་དགོས་སྐོར་གསུངས་ཡོད།གཞི་རྩའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཁུར་ཡོད་མཁན་ཚོས་གཉའ་གནོན་འོག་ལྷུང་ཡོད་པའི་མི་རིགས་རྣམ་པའི་གནད་དོན་གླེང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་བཞིན་ཡོད་པ་ལྟར།  ཕྱི་ཚེས་ ༡༠ ཉིན་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་དང་ཨོ་སི་ཊོ་ལི་ཡར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ Garema Place ཞེས་པའི་ས་ཚིགས་ནས་རྒྱ་ནག་གཞུང་ཚབ་ཁང་དུ་ཕེབས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཐོག་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གསལ་འདོན་གནང་འདུག

ཨོ་སི་ཊོ་ལི་ཡའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Andrew Braddock གཙོས་ཁེན་བྷེ་རའི་ཐེ་ཝན་ཚོགས་པ་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ཚོགས་པའི་འགོ་ཁྲིད་དང་ལས་འགུལ་བས་གཏམ་བཤད་གནང་འདུག  སྐབས་དེར་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མི་ཚོར་གཞི་རྩའི་རང་དབང་མེད་པ། རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་མི་རྣམས་ལ་དམ་དྲག་དང་དྲག་གནོན་སྔར་ལྷག་བྱེད་བཞིན་ཡོད་སྐོར་གསུངས་ཡོད།ཉི་ཧོང་རྒྱལ་ས་ཊོཀ་ཡོ་དང་དེའི་ཉེ་འཁོར་གྱི་བོད་མི་རྣམས་ཀྱིས་ཊོཀ་ཡོ་ Hibiya Koen དཔེ་མཛོད་ཚོགས་ཁང་ནང་ཐེ་ཝན་དང་ཤར་ཏུར་ཀི་སི་ཏན། ལྷོ་སོག ཧོང་ཀོང་། རྒྱ་ནག་སོགས་ཀྱི་མི་རིགས་བཅས་མི་གྲངས་ ༡༠༠ ཙམ་ཞིག་འདུ་འཛོམས་ཀྱིས་རྒྱལ་ཁབ་དང་ཚོགས་སྡེ་སོ་སོའི་སྐུ་ཚབ་རྣམ་པས་སོ་སོའི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆབ་སྲིད་ཀྱི་གནས་སྟངས་ཐད་གཏམ་བཤད་གནང་འདུག  མང་མོས་ཀྱི་ཐོག་ནས་མི་གཅིག་དབང་བསྒྱུར་རིང་ལུགས་འོག་ལ་མྱོང་བཞིན་པའི་མི་རིགས་རྣམས་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་དབང་སླར་གསོ་དང་དྲག་གནོན་མཚམས་འཇོག་ཡོང་བར་མཉམ་འབྲེལ་གྱིས་ལས་དོན་གཉེར་དགོས་པར་མོས་མཐུན་གནང་ཡོད་པ་དང་ཉི་ཧོང་གཞུང་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་གནད་དོན་འབྱུང་བཞིན་ཁག་ལ་དོ་སྣང་དང་། སྲིད་དབང་སྒེར་འཛིན་པར་སྲིད་དོན་གྱི་ཉེས་ཆད་འགེལ་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་འདུགཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱལ་ཁབ་གཅིག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དེར་རྒྱལ་ཁབ་དེའི་དཀའ་ངལ་གཅིག་པུར་གཟིགས་རྒྱུ་མེད་པར་དེ་ནི་འགྲོ་བ་མིའི་དཀའ་ངལ་ཞིག་ལ་གཟིགས་དགོས་པར་ཡོད་པར་མ་ཟད་ལྷག་པར་བོད་ནང་གི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་དང་འབྲེལ་ཏེ། སྲིད་དབང་སྒེར་འཛིན་པ་རྣམས་ཀྱི་འཚེ་བ་དང་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དང་རྒྱལ་ཁབ་ཀྱི་དཀའ་ངལ་སེལ་བར་ཞི་བའི་ཐབས་ལམ་བསྟེན་དགོས་པའི་ཞུ་སྐུལ་གནང་འདུགཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ལྷན་ནས་ཚོགས་པ་གཞན་ཁག་གཅིག་དང་མཉམ་རུབ་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དགོས་ཞེས་པའི་སྦྱར་པང་སོགས་བསྣམས་ཏེ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དབྱིན་ཡུལ་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་ནང་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཤོག་དཀར་བསྣམས་ཏེ་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་གནང་བ་དང་དེ་བཞིན་ཡུ་གུར་དང་ཧོང་ཀོང་བ། ནང་སོག རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལྷན་དུ་བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས།  ཡུ་གུར་ངལ་རྩོལ་མཚམས་འཇོག་བྱེད་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ་ཏེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།