Tibetan Royal Year of 2151 | Year of the Wood Dragon

བོད་ཉིང་ཁྲི་ས་ཁུལ་དུ་ཤུགས་ཚད་ ༦.༣ ཅན་གྱི་ས་འགུལ་བརྒྱབས་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་ནག་གི་ཞིན་ཧཱ་གསར་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན་དེ་རིང་ཞོགས་པ་ཆུ་ཚོད་ ༤༌༡༥ སྟེང་དུ་བོད་ནང་གི་ཉིང་ཁྲི་ས་ཁུལ་དུ་ཤུགས་ཚད་ ༦.༣ ཅན་གྱི་ས་འགུལ་ཞིག་བརྒྱབས་འདུགས་འགུལ་ཀྱི་ཤུགས་ཚད་ཆུང་ངུ་ཞིག་རྒྱ་ནག་གིས་ཆ་བགོས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཡང་བསླེབས་ཡོད་པར་ཡོངས་བསྒྲགས་བྱས་ཡོད་པ་རེད།

དེ་བཞིན་རྒྱ་གར་གྱི་ས་དཔྱད་རིག་པས་བོད་ནང་དུ་ས་འགུལ་བརྒྱབས་པར་བརྟེན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨཱ་སམ་དང་བལ་ཡུལ་བཅས་སུ་ཡང་ཤུགས་ཚད་ ༤.༨ ཅན་གྱི་ས་འགུལ་ཆུང་ངུ་ཞིག་བརྒྱབས་ཡོད་པ་བཀོད་འདུག་མོད། ད་ལྟའི་ཆར་ས་འགུལ་དེའི་ཁྲོད་དུ་མི་རྒྱུ་སོགས་ལ་གོད་ཆག་ཅི་བྱུང་གི་གནས་ཚུལ་གང་ཡང་འཁོད་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།