Tibetan Royal Year of 2151 | Year of the Wood Dragon

བོད་དང་ས་འབྲེལ་བལ་ཡུལ་ཤར་ཁུམ་བུ་ཐང་སྨད་ཁུལ་དུ་ས་རུད་ཀྱི་དོན་རྐྱེན།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་ཀྱི་ས་འབྲེལ་དང་ཇོ་མོ་གླང་མའི་རི་གཤོང་དུ་ཆགས་པའི་ཤར་ཁུམ་བུ་ཐང་མོ་ཆེ་འམ་ཐང་སྨད་ཁུལ་དུ་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡།༢༥ ཙམ་ལ་ཆུ་ལོག་དང་འདམ་རུད་ཀྱི་དོན་རྐྱེན་བྱུང་སྟེ་ས་གནས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་བྱུང་འདུག

Photo: Republica

གནས་ཚུལ་ཐོན་ཁག་ལ་གཞིགས་ན། དོན་རྐྱེན་དེའི་འབྱུང་ཁུངས་ནི་ཐང་སྟོད་དུ་ཆགས་པའི་འཁྱགས་རོམ་མཚོ་རྒྱས་པའི་རྐྱེན་གྱི་ཡིན་པར་ཚོད་དཔག་གནང་གི་འདུག་པ་དང་། ཁ་སང་གི་དོན་རྐྱེན་དེ་ཉིན་མའི་གུང་ལ་བྱུང་སྟབས་ས་གནས་ཡུལ་མི་རྣམས་རི་མཐོ་སར་བྲོས་རྒྱུའི་དུས་ཚོད་བྱུང་འདུག་ལ། ད་ལྟའི་དུས་ཚོད་འདི་ཡུལ་སྐོར་སྤྲོ་འཆམ་པ་ཉུང་བའི་དུས་ཚོད་ཡིན་པར་ས་གནས་ཀྱི་མང་ཚོགས་ཕལ་མོ་ཆེ་རྒྱལ་སར་བསྐྱོད་པའི་དུས་ཚོད་ཆགས་ཀྱི་ཡོད་པ་རེད་འདུག

Photo: Nepal Police

བལ་ཡུལ་གྱི་གསར་ཤོག་ཁག་ཏུ་འཁོད་པའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་གི་དོན་རྐྱེན་དེའི་ཁྲོད་ས་གནས་ཀྱི་སློབ་གྲྭ་ཞིག་དང་མགྲོན་ཁང་ལྔ། དེ་བཞིན་སྡོད་ཁྱིམ་ ༢༠ ལྷག་ཙམ་བཅས་ཐང་སྨད་གྲོང་ཚོ་བརྒྱ་ཆ་ ༥༠ ཙམ་གཏོར་སྐྱོན་བྱུང་ཡོད་པ་བཀོད་འདུག

Photo: Onlinekhabar

རྩ་བའི་ཐང་སྨད་གྲོང་གསེབ་ཏུ་མི་འབོར་ ༣༧༠ ཙམ་ལས་མེད་པ་དང་། གྲོང་གསེབ་དེ་ནི་ཇོ་མོ་གླང་མར་ཐེངས་དང་པོ་འཛེག་མཁན་ཤར་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱི་སྐྱེས་ཡུལ་ཡིན་པ་མ་ཟད། ༸སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་དམ་དེ་ཉིད་ཀྱི་འཁྲུངས་ཡུལ་ཡང་ཡིན་པ་རེད།

Video: Rai Kumbha

ལྷག་པར་ས་ཁུལ་དེ་ནི་དེ་སྔ་བོད་ས་ཤོར་བའི་སྐབས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཡོང་སྐབས་གནས་སྡོད་བྱ་ཡུལ་ཞིག་ཆགས་ཀྱི་ཡོད་པར་ལོ་རྒྱུས་ཀྱི་ཆ་ནས་གནད་འགག་ཆགས་ཀྱི་ཡོད་པ་མ་ཟད། ཡུལ་ལུང་དེར་བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་པོ་ཡོད་ཀྱང་ས་རུད་བྱུང་ས་ཁུལ་དེར་ཐང་སྨད་དགོན་པ་མ་གཏོགས་མེད་པར་གོད་ཆགས་གང་ཡང་བྱུང་མི་འདུག

འདི་ག་རླུང་འཕྲིན་ཁང་ནས་བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་རིན་པོ་ཆེ་མཆོག་ལ་དོན་རྐྱེན་དེའི་སྐོར་དང་། ས་གནས་དེའི་གནད་འགག་སྐོར་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།