Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཆེས་ཞན་པའི་གནས་སྟངས་སྙན་གསེང་ཞུས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་ Global Affairs Canada ཞེས་ཁེ་ན་ཌའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་འོག་ཆོས་དད་རང་དབང་གི་གནད་དོན་ཐོག་ཕན་ཚུན་གྲོས་མོལ་གྱི་ལས་རིམ་ཞིག་གོ་སྒྲིགས་ཞུས་ཐོག་ Canada Tibet Committee ཞེས་ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་གྲས་ཀྱི་ངེས་སྟོན་པ་སྐུ་ཞབས་ཤེས་རབ་མཐར་ཕྱིན་ལགས་ཀྱིས་བོད་ནང་གི་ཆེས་ཞན་པའི་གནས་སྟངས་སྙན་གསེང་ཞུས་འདུག

གཟའ་འཁོར་འདིའི་རེས་གཟའ་མིག་དམར་ཉིན་གོ་སྒྲིག་ཞུས་པའི་ལས་རིམ་འདིའི་ཐོག་སྐུ་མགྲོན་གཙོ་བོ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Ahmed Shaheed མཆོག་དང་ཁེ་ན་ཌ་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་བློན་ཆེན་གཞོན་པ་ལྕམ་ Pamela Goldsmith Jones ལགས་རྣམ་གཉིས་ཀྱིས་དབུས་པའི་ཡུལ་དེའི་སྤྱི་དམངས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། རྒྱ་གཞུང་གི་འོག་སྡུག་རྩུབ་མྱོང་བཞིན་པའི་བོད་མི་དང་རྩ་རླུང་སྒོམ་སྒྲུབ་པའམ་ཧྥ་ལུང་གྷོང་རྗེས་འབྲང་པ། དེ་བཞིན་ཡུ་གུར་མི་རིགས་ཀྱི་སྐུ་ཚབ་བཅས་མི་གྲངས་ ༥༠ མ་ཟིན་ཙམ་ཆེད་ཕེབས་གནང་སྟེ་ཁེ་ན་ཌ་གཙོ་གྱུར་འཛམ་གླིང་ཁྲོད་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་དང། མི་རིག་དབྱེ་འབྱེད། དྲག་གནོན་གྱི་གནད་དོན་བཅས་ཀྱི་ཐོག་གྲོས་བསྡུར་གནང་འདུགསྐབས་དེར་སྐུ་ཞབས་ཤེས་རབ་མཐར་ཕྱིན་ལགས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་ལོ་ངོ་ ༢༤ རིང་ལ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་འོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བ་དང། རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱེད་བཞིན་པ། བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་སོགས་ལུང་འདྲེན་གནང་སྟེ་བོད་ནང་སྐད་ཡིག་དང་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་མ་ཟད་ཉེ་ཆར་ཁེ་ན་ཌར་རྒྱ་གཞུང་གིས་བོད་རིགས་ཚོགས་པ་རྫུན་བཟོ་ཆེད་འཛུགས་བྱས་པར་ཡུལ་དེའི་སྲིད་བློན་གྱི་རྒྱབ་སྐྱོར་ཡིག་ཆ་རྫུན་བཟོ་བྱས་པའི་གནད་དོན། ཊོ་རོན་ཊོ་གཙུག་ལག་སློབ་གྲྭའི་བོད་རིགས་སློབ་ཕྲུག་མགོ་ཁྲིད་འཆི་མེད་ལྷ་མོ་ལགས་ལ་འཇིགས་སྐུལ་དང་འགོག་རྐྱེན་བཟོས་པ་སོགས་ཀྱིས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིར་དམ་དྲག་བྱེད་བཞིན་པའི་གནད་དོན་སོགས་སྙན་གསེང་ཞུས་འདུག

སྐབས་དེར་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Ahmed Shaheed ལགས་ཀྱིས་ཁོང་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་གནང་བའི་ལས་ཡུན་ཁྲོད་རྒྱ་ནག་ནང་གི་ཆེས་ཞན་པའི་གནས་སྟངས་ཡར་རྒྱས་གནང་ཕྱོགས་ཐད་རྒྱ་གཞུང་ལ་ཡིག་འབྲེལ་རིམ་པ་གནང་ཡོད་པ་སོགས་བོད་ཀྱི་གནད་དོན་ལ་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།