Tibetan Royal Year of 2151 | Year of the Wood Dragon

བོད་ནི་ཨེ་ཤ་ཡའི་ཆུའི་དཀའ་ངལ་སེལ་ཐབས་ཀྱི་གནད་དོན་གཙོ་བོ་ཞིག་རེད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁ་སང་རྒྱ་གར་བྱང་ཕྱོགས་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊིར་སྐོང་ཚོགས་གནང་པའི་ ༢༠༡༧ ལོའི་ཤར་ཧི་མཱ་ལ་ཡའི་ Naturenomics ཞེས་པའི་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་བོད་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཡོངས་རྫོགས་ཀྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་སྟབས་རྒྱ་གཞུང་གིས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་ཐོག་སྟངས་འཛིན་བྱེད་བཞིན་པ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཚབས་ཆེན་པོ་བཟོ་ངེས་ཡིན་པའི་ཉེན་བརྡ་བཏང་འདུག
སྲིད་སྐྱོང་མཆོག་ཁ་སང་ཉིན་རྒྱབ་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་བྷ་ལི་པ་ར་ Foundation ཞེས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་མགྲོན་འབོད་ལྟར་ཁོར་ཡུག་གླེང་སྟེགས་ཐོག་ལྷན་ཞུགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བྷ་རི་པ་ར་ཐེབས་རྩ་ཁང་གི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་ཐབས་ཆེད་འབད་བརྩོན་གནང་བཞིན་པར་བསྔགས་བརྗོད་དང་ལྷག་དོན་དེང་སྐབས་འཛམ་གླིང་ནང་ཆུའི་གལ་འགངས་སྐོར་དང་འབྲེལ། སྔ་མོ་མི་རྣམས་ས་ཆའི་དོན་དུ་དམག་འཁྲུག་བརྒྱབ་ཀྱི་ཡོད་པ་དང་ད་ལྟའི་དུས་ཚོད་འདིར་སྣུམ་གྱི་དོན་དང་སླད་མར་ཆུའི་དོན་དུ་དེ་ལྟར་བྱེད་ངེས་ཡིན་པ་གསུངས་པ་དང་ཆབས་ཅིག བོད་ནི་ཨེ་ཤ་ཡའི་ནང་གི་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་མ་ཟད་རྒྱ་ནག་དང་རྒྱ་གར། བལ་ཡུལ། བྷང་ལ་དེ་ཤི། འབར་མ། ཐེ་ལེན་ཌི། ལའོ་སི། ཀེམ་བྷོ་ཌི་ཡ། ཝི་ཏི་ནམ་བཅས་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཀྱི་ཡུལ་མིའི་འཚོ་བའི་རྟེན་གཞི་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་མངོན་འདོད་ལྟར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡོང་སླད་རྒྱ་གཞུང་ལ་གནད་དོན་དེའི་ངེས་པར་དུ་འགན་ཁུར་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོ་ནས་ཤར་ཏུ་ཀི་སི་ཐན་བར་དུ་ཆུ་འོག་སྦུབས་ལམ་བཟོ་འཆར་ཡོད་སྐོར་ཐད་ཀྱི་བཅར་འདྲིར་དང་ལེན་གནང་སྟེ་ཡར་ཀླུང་གཙང་པོ་ཁ་བསྒྱུར་གྱི་ལས་འཆར་དེར་རྒྱ་གཞུང་ལ་ཆོག་མཆན་སྤྲད་ཚེ་ཡར་ཀླུང་གཙང་པོར་བརྟེན་བཞིན་པའི་གཤམ་འོག་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་གསུངས་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཁ་སང་གྷོ་ཝ་ཊི་མཐོ་སློབ་ཏུ་མཐོ་སློབ་དེའི་ལྷོ་ཤར་ཨེ་ཤ་ཡའི་ཉམས་ཞིབ་ལྟེ་གནས་ཁང་གིས་གོ་སྒྲིག་འོག་དགེ་ལས་སློབ་ཕྲུག་རྣམས་ལ་འཕགས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་ཞེས་པའི་ཐོག་གསུང་བཤད་གནང་སྐབས་ད་ཆ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེ་ནི་ཨེ་ཤ་ཡ་དང་རྒྱ་གར་གཉིས་ཀྱི་ངོས་ནས་གདོང་ལེན་གནང་དགོས་པའི་གནད་དོན་གཙོ་བོ་ཞིག་ཆགས་ཡོད་པ་དང་། ཉེ་ལམ་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་ས་མཚམས་ཐོག་དཀའ་ངལ་འཕྲད་པ་དེ་ནི་རྒྱ་གཞུང་གིས་རིམ་པས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲས་ལྗོངས་དང་འབྲུག བལ་ཡུལ། དེ་བཞིན་རྒྱ་གར་གྱི་ལ་དྭགས། བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་བཅས་ཀྱི་བདག་དབང་རྒྱ་བསྐྱེད་གཏོང་ཐབས་བྱ་རྒྱུ་འགོ་འཛུགས་ཀྱི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།