Tibetan Royal Year of 2151 | Year of the Wood Dragon

བོད་པའི་གཏན་ཉིན་སློབ་གྲྭ་ཁག་རྩིས་ལེན་པ་དེ་ལེན་གོ་ཆོད་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་ད་བར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཟིན་པའི་ས་གནས་ཀྱི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ཅིག་ལ་ལྟ་ཚེ་རྩིས ་ལེན་པ་དེ་ལེན་གོ་ཆོད་འདུག་ཅེས་གསུངས་སོང།
རྩ་བའི་ཕྱི་ལོ་ ༢༠༡༣ ལོར་ནས་བཟུང་རྒྱ་གར་དབུས་གཞུང་གིས་དབུས་བོད་སློབ་འཛིན་ཚོགས་ནས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་འོག་ཡོད་པའི་སཾ་བྷོ་ཊའི་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུ་ཐག་གཅོད་གནང་དོན་ལྟར་ད་བར་སྔོན་འགྲོའི་སློབ་གྲྭ་ ༣༣ དང། དམའ་རིམ་སློབ་གྲྭ་ ༩  འབྲིང་རིམ་སློབ་གྲྭ་ ༥ བཅས་ཁྱོན་ད་བར་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ ༤༧ རྩིས་ལེན་ཟིན་ཡོད་པ་དང་། ད་དུང་སློབ་གྲྭ་ཁག་ ༡༤ རྩིས་ལེན་རྒྱུར་ལྷག་བསྡད་ཡོད་པ་རེད།
དེའང་ཟླ་ ༥ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་འགྲུབ་ཚེ་རིང་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ Anil Swarup ལགས་དང། བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sanjay Kumar ལགས་དང་མཇལ་འཕྲད་ཞུས་ཏེ་གཙོ་བོ་ད་ལྟའི་ཆར་རྩིས་ལེན་ཞུ་རྒྱུ་ལྷག་བསྡད་པའི་སློབ་གྲྭ་ ༡༤ སྐོར་གྱི་གནད་དོན་ཐོག་གྲོས་བསྡུར་གནང་པ་མ་ཟད། སྐབས་དེར་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sanjay Kumar ལགས་ཀྱིས་ལྷག་བསྡད་སློབ་གྲྭ་དེ་དག་གང་མགྱོགས་རྩིས་སྤྲོད་གནང་རྒྱུ་ཡིན་པར་ཁས་ལེན་ཡང་གནང་ཡོད།
འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་ལ་དབུས་བོད་སློབ་འཛིན་ཚོགས་ཀྱི་ལྷག་བསྡད་སློབ་གྲྭ་ཁག་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ལྷག་བསྡད་སློབ་གྲྭ་ ༡༤ དེ་དག་ཟླ་བ་གཉིས་གསུམ་ནང་ཚུད་ལ་རྩིས་ལེན་འཐུས་ཚང་ཐུབ་པར་རེ་བ་གནང་གི་ཡོད་ཅེས་དང། ལྷག་པར་དུ་ད་བར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཟིན་པའི་ས་གནས་ཀྱི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ཅིག་ལ་སྐོར་བསྐྱོད་ལྟ་ཞིབ་གནང་སྐབས་སུ་རྩིས་ལེན་པ་དེ་ལེན་གོ་ཆོད་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།